དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ལྷ་ས་གྲོང་ཁྱེར་ཆུ་བེད་ཅུས་ཀྱིས“ཆུ་བོ་གཙང་སྐྱོང་བྱ་སྤྱོད”སྤེལ་ནས་ཆུ་བོ་དང་མཚེའུ་ཡི་ཁོར་ཡུག་ལ་སྲུང་སྐྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-05-30
      • ཆུ་ལམ་ཁོར་ཡུག་རྒྱུན་རྣམ་ཅན་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ལྷ་ས་གྲོང་ཁྱེར་གྱི“ཆུ་བོ་གཙང་སྐྱོང་བྱ་སྤྱོད”སྔར་བས་དོན་འཁྱོལ་བྱ་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་ཆུ་བེད་ཅུས་ཀྱིས་ལས་བྱེད་ལས་བཟོ་100ལྷག་ཙམ་སྒྲིག་འཛུགས་བྱས་ནས་ཀླུ་སྡིངས་སྤྱི་གླིང་དང་གཙང་འགྲམ་སྤྱི་གླིང་སོགས་སུ་བསྐྱོད་དེ་གད་སྙིགས་གཙང་འཕྱག་གི་བྱེད་སྒོ་སྤེལ་བ་མ་ཟད། ཁྲེང་ཀོན་ཆུས་ཁྲོམ་གཞུང་དང་ཆུ་རགས་བདག་སྐྱོང་བ་སྐུལ་སློང་ཧུར་ཐག་བྱས་ཏེ“ཆུ་བོ་གཙང་སྐྱོང་བྱ་སྤྱོད”སྤེལ་ནས་ཆུ་བོ་དང་མཚེའུ་ཡི་ཁོར་ཡུག་ལ་རྒྱུན་མཐུད་སྲུང་སྐྱོང་བྱས་པ་རེད།

        “ཆུ་བོ་གཙང་སྐྱོང་བྱ་སྤྱོད”སྤེལ་རིང་། ཚང་མས་བཙོག་སྣང་མི་བྱེད་པ་དང་ངལ་དུབ་ལ་མི་སྐྲག་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ། ལག་ཏུ་ཕྱག་མ་དང་གད་གཞོང་སོགས་ཁྱེར་ཏེ་ལྷ་སའི་སྐྱིད་ཆུའི་ངོགས་ཀྱི་གད་སྙིགས་གཙང་འཕྱག་བྱས་པ་རེད། ཚང་མས་ཧུར་ཐག་འབད་ཐག་བྱས་པས་ལྷ་སའི་ཆུ་ལམ་གཙང་ཞིང་ཉམས་དགའ་བ་ཞིག་ཏུ་གྱུར་ཁར། གཙང་པོ་སྔར་བས་དྭངས་པ་དང་། ཆུ་རྒྱུད་སྔར་བས་གཙང་བ། ཡུལ་ལྗོངས་སྔར་བས་ཡིད་དུ་འོང་བ་བཅས་བྱུང་ནས་ཆུ་ལམ་ཉེ་འཁོར་གྱི་ཁོར་ཡུག་ལེགས་སུ་སོང་ཡོད།

        ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ཆུ་བེད་ཅུས་ཀྱིས་ཆུ་བོ་དང་མཚེའུ་ཡི་ཐོན་ཁུངས་སྲུང་སྐྱོང་དང་། ཆུ་བོ་དང་མཚེའུ་ཡི་ཁོར་ཡུག་སྒྱུར་བཀོད། ཆུ་བོ་དང་མཚེའུ་ཡི་སྐྱེ་ཁམས་ལེགས་གཏོང་བཅས་བྱས་པ་བརྒྱུད། ལྷ་ས་སྐྱིད་ཆུའི་རྒྱུད་ཀྱི་ཕྱོགས་བསྡུས་བཅོས་སྒྲིག་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ལྷ་ས་སྐྱིད་ཆུའི་གྲོང་ཁུལ་དུམ་བུའི་ཆུ་ཁོངས་རྒྱ་ཁྱོན་མུའུ་7700ཟིན་པ་དང་། སྔོ་འགྱུར་རྒྱ་ཁྱོན་མུའུ་3052ཟིན་པ། ས་འོག་གི་ཆུ་མཁོ་སྤྲོད་གང་ལེགས་བྱུང་བ། གྲོང་ཁུལ་གྱི་མཁའ་རླུང་གཤེར་ཚད་8%ནས་12%བར་འཕར་བ། “ཆུ་བོ་མཚེའུ་ལ་འགྱུར་བ”དང“ཆུ་བོས་གྲོང་ཁྱེར་བརྒྱན་པའི”གྲོང་ཁྱེར་འཕེལ་རྒྱས་ཀྱི་བཀོད་པ་རིམ་བཞིན་མངོན་འགྱུར་བྱུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།