དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • བོད་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་ཏང་འཛུགས་སྐྱོང་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གཉིས་མཉམ་འདྲེས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-05-30
      • “གསར་བརྗེའི་སྒུལ་ནུས”ཀྱིས་ལྗང་མདོག་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

        སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་མི་དམངས་ཀྱི་བདེ་སྐྱིད་དང་འབྲེལ་བ་ཡོད། ཉེ་བའི་ལོ་ཤས་རིང་། མལ་གྲོ་གུང་དཀར་རྫོང་གིས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་ལས་ཀའི་བསམ་ཕྱོགས་གསར་གཏོད་དང་ཏང་འཛུགས་སྐྱོང་གི་ནང་དོན་ཕུན་སུམ་ཚོགས་སུ་བཏང་སྟེ་ཏང་འཛུགས་སྐྱོང་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། ལྗང་མདོག་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་བ། ཡུལ་སྲོལ་བཟང་པོ་སྐྱེད་སྲིང་དང“གསར་བརྗེའི་སྒུལ་ནུས་འཕེལ་བ”བཅས་བྱས་ནས་གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ཚོས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་འཐབ་ས་དང་པོར་ལྗང་མདོག་གདོང་ལེན་པ་བརྩོན་ལེན་བྱེད་དུ་བཅུག་སྟེ་ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་གི་གསོན་ཤུགས་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ནང་གནས་སྒུལ་ཤུགས་སུ་བསྒྱུར་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་མཁར་རྫོང་བརྟན་པོ་ཞིག་བཏོད་པ་རེད།

        “སྐྱེ་ཁམས་ཀྱི་སྤུས་རྟགས”བཏོད་དེ་ལྗང་མདོག་དཔལ་འབྱོར་འཕེལ་རྒྱས་བཏང་བ།

        ཉེ་བའི་ལོ་ཤས་རིང་། མལ་གྲོ་གུང་དཀར་རྫོང་གིས་ཐོན་ཁུངས་དང་ས་བབ་ཀྱི་ལེགས་ཆར་བརྟེན་ནས་སྐྱེ་ཁམས་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་རྣམ་གྲངས་གནད་ལ་འཁེལ་པོ་བདམས་ཏེ་ཏང་འཛུགས་སྐྱོང་དང་འཕེལ་རྒྱས་མཉམ་འདྲེས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ནུས་ཤུགས་ཡོད་རྒུས“ཏང་འཛུགས་སྐྱོང་+”སྐྱེ་ཁམས་སྤུས་རྟགས་གཏོད་པའི་བྱེད་སྒོ་ལག་བསྟར་ཤུགས་ཆེན་བྱས་ནས། ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་རྣམས་སྐྱེ་ཁམས་ལྗང་མདོག་ཐོན་ལས་འཕེལ་རྒྱས་ཀྱི་སྣེ་ཁྲིད་པ་དང་རྐང་འཛིན་སྟོབས་ཤུགས་སུ་འགྱུར་བ་བྱས་ཏེ་ཁྱད་ལྡན་ཐོན་ལས་ནུས་ཤུགས་ཡོད་རྒུས་བཏོད་ཁར། སྐྱེ་ཁམས་ལྗང་མདོག་ཐོན་ལས་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང་ཞིང་འབྲོག་མང་ཚོགས་ཀྱི་དཔལ་འབྱོར་ཡོང་འབབ་མང་དུ་བཏང་ཡོད།

        བཀྲ་ཤིས་སྒང་ཤང་གཟི་ཕུག་གྲོང་ཚོའི་ཡུལ་ལྗོངས་རི་མོ་ལྟར་མཛེས་པ་དང་ནོར་ལུག་ཁྱུ་དང་ཁྱུ་གང་སར་ཅི་དགར་རོལ་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས།

        ཉེ་བའི་ལོ་ཤས་རིང་། གཟི་ཕུག་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས་ས་གནས་དེ་གའི་འབྲི་གཡག་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས“མཉམ་ལས་ཁང་གཅིག་དང་ས་ཚིགས་གཉིས་ལྟེ་གནས་གསུམ”གྱི་འཕེལ་རྒྱས་བསམ་ཕྱོགས་ལྟར་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས་སྣེ་ཁྲིད་དང་། ཏང་ཡོན་གྱིས་དཔེ་སྟོན། མང་ཚོགས་ཧུར་ཐག་ཞུགས་པ་བཅས་བྱས་ནས“གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའུ་དང་། མཉམ་ལས་ཁང་། འབྲོག་དུད་བཅས་ཟུང་དུ་འབྲེལ་བའི”འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱས་ཏེ་ཡུལ་བབ་དང་བསྟུན་ནས“གཟི་ཕུག་འབྲི་གཡག”ས་མཐོའི་ཁྱད་ལྡན་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྐྱེ་ཁམས་སྤུས་རྟགས་དཔེ་སྟོན་ས་ཚིགས་འཛུགས་གཏོད་རྣམ་གྲངས་ལག་ལེན་བསྟར་བ་རེད། དེ་དང་ཆབས་ཅིག་གྲོང་གསེབ་ཀྱི་སྐྱེ་ཁམས་ཡུལ་སྐོར་གཙོ་གནད་དུ་བྱས་ནས་ཞིང་པའི་སྤྲོ་སྐྱིད་ཁང་དང་། སྐྱེ་ཁམས་ལྟ་སྐོར། རིག་གནས་དང་ཡུལ་སྐོར་བཅས་གཞི་གཅིག་ཅན་གྱི་གྲོང་གསེབ་གསར་པའི་དཔལ་འབྱོར་ནུས་ཤུགས་ཡོད་རྒུས་བཏོད་དེ་སྐྱེ་ཁམས་ཐོན་ཁུངས་དང་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་ཕྱོགས་ཡོངས་ནས་སྐུལ་སློང་བྱས་ཏེ་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་ནས་དར་རྒྱས་ལ་སྐུལ་འདེད་དང་སྐྱེ་ཁམས་ཐོན་ལས་ཀྱིས་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་ལྗང་མདོག་ལམ་བུར་བསྐྱོད་ཡོད།

        2022ལོར་གཟི་ཕུག་གྲོང་ཚོའི་འབྲི་གཡག་སྐྱེ་ཁམས་ཐོན་ལས་ལ་བརྟེན་ནས་མང་ཚོགས་ལ་ཐད་ཀར་འབབ་འཕར་སྒོར་ཁྲི་400ལྷག་ཙམ་དང་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་1.3བྱུང་བ་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྒོར་ཁྲི་50ལྷག་ཙམ་རྒྱ་སྟོབས་ཆེ་རུ་ཕྱིན་པ། མི་7ལས་ཞུགས་ཐུབ་པ། དབུལ་སྒྲོལ་དུད་ཚང་དང་། མ་མཐའི་འཚོ་བ་འགན་ལེན་དུད་ཚང་། ཡོང་འབབ་དམའ་བའི་མང་ཚོགས་སོགས་ལ་བགོ་འགྲེམས་སྒོར་ཁྲི་17བརྒྱབ་པ་རེད།

        “བདེ་སྐྱིད་སྐར་གསོག”གསར་དུ་བཏོད་དེ་ཡུལ་སྲོལ་བཟང་པོ་དར་སྤེལ་བཏང་བ།

        མལ་གྲོ་གུང་དཀར་རྫོང་གིས་གསར་གཏོད་བྱ་རྒྱུ་དེ་ཏང་འཛུགས་སྐྱོང་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞིར་བྱས་ནས། ཏང་འཛུགས་སྐྱོང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ཐབས་ལམ་གསར་པ་རྒྱུན་མཐུད་ངང་འཚོལ་ཞིབ་བྱས་ཏེ། མི་འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་བ་དང་། ཡུལ་སྲོལ་བཟང་པོ་སྐྱེད་སྲིང་བྱེད་པ། བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་གསར་པ་བཏོད་ཡོད།

        མལ་གྲོ་གུང་དཀར་རྫོང་གིས་རྒྱ་མ་ཤང་ཚོད་ལྟར་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་སྐྱེ་ཁམས་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་གཙོ་གནད་དུ་བྱས་ཏེ“ཞིང་དུད་རིགས་དབྱེ་བསྡུ་རུབ་དང་། དུས་ངེས་གཏན་དང་གནས་གཏན་འཁེལ་ངང་འཁོར་སྐྱོད་བྱེད་པ། བདེ་སྐྱིད་སྐར་གསོག་ལ་བྱ་དགའ་སྤྲོད་པ། གྲོང་སྲོལ་དམངས་ཆིངས་ཚད་ལྡན་བཟོ་བ”བཅས་ཀྱི་གསར་གཏོད་རྣམ་པའི་བདེ་སྐྱིད་སྐར་གསོག་དོ་དམ་ལམ་སྲོལ་འཚོལ་ཞིབ་བྱས་ནས་བཙུགས་པ་དང་འབྲེལ། “ལྗང་མདོག་རྩིས་ཁྲ”བཙུགས་པ་དང་། འགྱིག་ཤོག་སྦགས་བཙོག་བཅོས་སྐྱོང་། “ལྗང་མདོག་རྒྱ་མ”འཛུགས་སྐྲུན། “མཛེས་སྡུག་ལྡན་པའི་ཁྱིམ་གཞིས་དང་བདེ་སྐྱིད་ལྡན་པའི་ཁྱིམ་ཚང”སྐྲུན་པ་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། མང་ཚོགས་ཀྱིས་ལྗང་མདོག་ཁྱིམ་གཞིས་བསྐྲུན་པའི“བདག་པོའི”འདུ་ཤེས་ཟབ་ཏུ་བཏང་སྟེ་རྒྱ་ཆེའི་མང་ཚོགས་ལ་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་གོམས་གཤིས་ངན་པ་འགྱུར་ལྡོག་གཏོང་བར་ཁྲིད་སྟོན་དང་། ཞིང་འབྲོག་མང་ཚོགས་ལ་འཚོ་བའི་གོམས་གཤིས་བཟང་པོ་རིམ་བཞིན་འཇགས་པར་སྐུལ་འདེད། འབྱུང་རྩ་ནས་མ་རབས་ཀྱི་བྱེད་སྤྱོད་ཉུང་དུ་གཏོང་བ་བཅས་བྱས་པས་སྐྱེ་ཁམས་སྲུང་སྐྱོང་དང་བཅོས་སྐྱོང་དེ་དམངས་ཡོངས་དང་རྒྱུན་རྣམ་ཅན་དུ་མངོན་འགྱུར་བྱུང་ཡོད།

        མིག་སྔའི་བར། རྒྱ་མ་ཤང་གིས་བདེ་སྐྱིད་སྐར་གསོག་གི་ཨང་རིམ་བཞིན་སྔ་རྗེས་སུ“གྲོང་མི་ཡག་པོ”དང་། “འཇོན་ཐང་ཅན”“ཁྱིམ་ཚང་ཡག་པོ”བཅས་ཀྱི་དུད་ཚང་12བདམས་པ་དང་། མང་ཚོགས་ཀྱིས་བདེ་སྐྱིད་སྐར་གསོག་ལ་བརྟེན་ནས་རིན་ཐང་སྒོར་8000རི་བའི་ཚོང་ཟོག་ཆུང་ངུ་སྣ་ཚོགས་བརྗེས་པ་རེད།

        “གདོང་ལེན་དཔུང་ཁག”འཛུགས་སྐྱོང་གིས“གསར་བརྗེའི་སྒུལ་ནུས”ཆེ་རུ་བཏང་བ།

        མལ་གྲོ་གུང་དཀར་རྫོང་གིས་གཞི་རིམ་ཏང་རྩ་འཛུགས་དང་སྐྱེ་ཁམས་ཁོར་ཡུག་ཁྲོད་ཀྱི་ཏང་ཡོན་གྱི་དམག་འཐབ་མཁར་རྫོང་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཏང་འཛུགས་སྐྱོང་གི“གསར་བརྗེའི་སྒུལ་ནུས”མུ་མཐུད་བསྣན་ཡོད།

        ཡངས་རི་སྒང་གྲོང་ཚོ་དཔེ་མཚོན་དུ་བྱས་ནས“ལས་བྱེད་པས་སྣེ་ཁྲིད་པ་དང་། ཏང་ཡོན་གྱིས་གཙོ་བོ་བྱེད་པ། མང་ཚོགས་ཞུགས་པ”བཅས་ཀྱི་བྱེད་ཐབས་བརྒྱུད་མལ་གྲོ་གུང་དཀར་རྫོང་གིས་གྲོང་ཚོའི“ཨུ་ལྷན་གཉིས”དང་། གྲོང་སྡོད་ལས་དོན་རུ་ཁག རྐང་འཛིན་སྒྲོག་འགྲེལ་པ། གྲོང་ཚོའི་ཚོགས་ཆུང་གི་ཙུའུ་ཀྲང་། དུད་སྦྲེལ་སྤྱི་མི་བཅས་ཀྱི་ནུས་པ་གང་ལེགས་བཏོན་ནས་ནགས་ཚལ་སྲུང་སྐྱོང་དང་། ཆུ་བོ་སྲུང་སྐྱོང་། རྩྭ་ཐང་སྲུང་སྐྱོང་། རི་བོ་སྲུང་སྐྱོང་བཅས“སྲུང་སྐྱོང་བཞིའི”ཏང་ཡོན་དང་བླངས་གདོང་ལེན་རུ་ཁག་བཙུགས་ནས་གྲོང་ཚོ་དང་དུད་ཚང་དང་ཞིང་ནང་དང་མུ་ཁར་བསྐྱོད་དེ་ཁོར་ཡུག་སྲུང་སྐྱོང་གི་སྲིད་ཇུས་དང་གད་སྙིགས་རིགས་དབྱེའི་ཤེས་བྱ་ཁྱབ་གདལ་བཏང་བ་མ་ཟད། སྣེ་ཁྲིད་དེ་གད་སྙིགས་རིགས་དབྱེ་དང་། ཤིང་འཛུགས་ནགས་བཟོ། གྲོང་ཚོར་གཙང་སྦྲ་བཅས་ཀྱི་ལས་དོན་སྤེལ་ནས་ཏང་ཡོན་གདོང་ལེན་དཔེ་བཟང་གི་ནུས་པ་དང་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་པའི“གསར་བརྗེའི་སྟོབས་ཤུགས”དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བའི“ལྗང་མདོག་སྒུལ་ཤུགས”སུ་འགྱུར་བར་བྱས་པ་རེད།

        མིག་སྔའི་བར། ཡངས་རི་སྒང་གྲོང་ཚོས་ཏང་ཡོན་གྱི་སྐྱེ་ཁམས་གདོང་ལེན་རུ་ཁག་ལ་བརྟེན་ནས་ཏང་ཡོན་དུད་ཚང་ལ་སྒོ་བྱང་བཀལ་བ་དང་། ཁ་བཤད་ལག་བསྟར། ལས་གནས་དང་འགན་འཁྲི་གཏན་འཁེལ་སོགས་ཀྱི་བྱེད་ཐབས་བརྒྱུད་སྔ་རྗེས་སུ་སྐྱེ་ཁམས་ཤེས་དཔལ་སྒྲོག་འགྲེལ་ཐེངས་30ལྷག་ཙམ་བྱས་པ་དང་། “འགྲམ་བཞིར”སྡོང་རྐང་220ལྷག་ཙམ་བཙུགས་པ། གད་སྙིགས་ཏུན་20ལྷག་ཙམ་གཙང་སེལ་བྱས་ནས་དེ་བས་མཛེས་སྡུག་ལྡན་པ་དང་དེ་བས་སྡོད་མལ་ལ་འཚམ་པའི་གྲོང་གསེབ་ཀྱི་མི་འཚོ་སྡོད་ཁོར་ཡུག་ཅིག་སྐྲུན་བཞིན་མཆིས།

        (ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་སྤེལ་བའི་གནས་ཚུལ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།