“མཚན་ཁྲོམ་དཔལ་འབྱོར”ལ་བརྟེན་ནས་གྲོང་ཁྱེར་ལ་གསོན་ཤུགས་ གསར་པ་འཕེལ་བར་བྱས་པ།
དབྱར་འགོའི་དུས་སུ། ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་ཅི་མོ་གནའ་གྲོང་དུ་གློག་འོད་ཆེམ་ཆེམ་འཕྲོ་ཞིང་། གནའ་བོའི་ཉམས་འགྱུར་ལྡན་པའི་སྐྲུན་དངོས་དང་ཚོན་མདོག་རྣམ་པར་བཀྲ་བའི་གློག་སྒྲོན་ལས་ཡུལ་སྐོར་བ་མང་པོ་ལྟ་སྐོར་དང་ཉོ་སྒྲུབ་བྱེད་པར་ཡོང་བའི་ཡིད་དབང་བཀུག་ནས། འཁྲུག་ཆ་དོད་པའི་མཚན་མོའི་འཛད་སྤྱོད་ཀྱིས་གྲོང་ཁྱེར་ལ་རྒྱུན་མཐུད་གསོན་ཤུགས་འཕེལ་བར་བྱས་ཡོད།
འདི་ནི་ཡུལ་སྐོར་བས་ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་ཅི་མོ་གནའ་གྲོང་གི་མཚན་ཁྲོམ་ནས་ལག་ཤེས་ཐོན་རྫས་ཉོ་བཞིན་པ།