དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • གུ་གེའི་མཛེས་ལྗོངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-05-29


    བོད་ལྗོངས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་ཁོངས་སུ་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་གནས་ཡོད་པ་དེ་ནི་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་གལ་ཆེན་ཞིག་རེད། གནའ་ཤུལ་དེ་རི་འདབས་སུ་གནས་ཤིང་། སྡོད་ཁང་440ལྷག་ཙམ་དང་། བྲག་ཕུག་870ལྷག་ཙམ། བཙན་རྫོང་58 མཆོད་རྟེན་28 དེ་བཞིན་ས་འོག་གསང་ལམ་2སོགས་ལས་གྲུབ་ཡོད། དེའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་18ཡོད། གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་གྱིས་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་དང་ལྷག་དོན་དུ་བོད་རིགས་ཀྱི་གནའ་བོའི་ཁང་པའི་ལོ་རྒྱུས་ལ་དཔྱད་གཞིའི་ཡིག་ཆ་གལ་ཆེན་མཁོ་འདོན་བྱས་ཡོད།

    འདི་ནི་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་གྱི་ས་སྲོས་ཀྱི་མཛེས་ལྗོངས་ཡིན་པ།


    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།