ལྗང་མདོག་འདུ་ཤེས་མཐའ་འཁྱོངས་ཀྱིས། སྐྱེ་ཁམས་རྨང་གཞི་བརྟན་དུ་བཏང་།
ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་གནད་སྨིན་སྦགས་བཙོག་འགོག་བཅོས་དང་། ཚན་རིག་དང་མཐུན་པའི་སྦགས་བཙོག་འགོག་བཅོས། ཁྲིམས་ལྟར་སྦགས་བཙོག་འགོག་བཅོས་བཅས་ལས་ཀའི་མཛད་ཕྱོགས་སུ་བྱས་ཏེ། རླུང་ཁམས་ཆེན་པོ་དང་། ཆུ། ས་རྒྱུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་ཀྱི“བྱ་སྤྱོད་ཆེན་པོ་གསུམ”གཏིང་ཟབ་ངང་སྤེལ་བས། གྲོང་ཁྱེར་ཡོངས་ཀྱི་མཁའ་རླུང་སྤུས་ཚད་རྒྱུན་མཐུད་ལེགས་པོ་ཡོད་པ་རྒྱུན་འཁྱོངས་ཐུབ་ཡོད། འདི་ལོའི་ཟླ་1པོ་ནས་2པའི་བར་གྱི་ཉིན་59ཡི་རིང་ལྟ་ཞིབ་ཚད་ལེན་བྱས་པའི་ཁྲོད་ཉིན་51རིང་གི་མཁའ་རླུང་སྤུས་ཚད་ལེགས་གྲས་དང་ཉིན་8ཀྱི་མཁའ་རླུང་སྤུས་ཚད་འབྲིང་གྲས་སུ་སླེབས་ནས། མཁའ་རླུང་སྤུས་ཚད་ལེགས་ཚད་100%ཟིན་ཡོད། གཙང་ཆུ་དང་མཚེའུ་གཙོ་བོའི་ཆུ་སྤུས་རྒྱལ་ཁབ་ཀྱི་ཚད་གཞིར་སླེབས་པའམ་ཡང་ན་དེ་ལས་ལེགས་པ་ཡོད་པ་དང་གྲོང་ཁྱེར་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དག་ཐེར་ལས་དོན་སྤེལ་ཚུན། ཆབ་མདོ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་རང་སྐྱོང་ལྗོངས་དང་། གྲོང་ཨུད། གྲོང་ཁྱེར་སྲིད་གཞུང་བཅས་ཀྱི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་པ་དང་། 《ཀྲུང་དབྱང་གི་རེས་སྐོར་གཉིས་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚུར་ལན་གནད་དོན་གྱི་དག་ཐེར་ཇུས་གཞིའི》བླང་བྱར་ནན་པོར་གཞིགས་ནས། ལས་ཀའི་བྱེད་སྟངས་ལེགས་སུ་གཏོང་བ་དང་། འགག་རྩར་དམ་འཛིན་དང་རྒྱུན་མཐུད་ཤུགས་སྣོན་རྒྱག་པ། མ་སྐུལ་དང་བླངས་བྱེད་པ། ལས་ཀའི་ཕན་འབྲས་ཆེ་རུ་གཏོང་བ། ལས་ཀ་བྱེད་དུས་གསལ་ཐོ་དང་རྩིས་ཁྲ་ཡོད་པ། བློ་བརྟན་འགྱུར་མེད་ངང་གོང་རིམ་གྱི་ཐབས་ཇུས་བཀོད་སྒྲིག་ཁག་ལས་དོན་ཁག་གི་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་བྱེད་པ། རྒྱུན་སྲིང་ལྷོད་མེད་ངང་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁོར་ཡུག་སྲུང་སྐྱོང་གི་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།
ཆབ་མདོ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། ཁོར་ཡུག་ལ་མུ་མཐུད་ལྟ་ཞིབ་ཚད་ལེན་བྱེད་པ་གང་ཞིག ལྟ་ཞིབ་ཚད་ལེན་ཚད་ལྡན་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་བཏང་ནས། “མཐོ་གཉིས”ཀྱི་ཁེ་ལས་ཆབ་མདོར་འདྲེན་རྒྱུ་གཏན་འགོག་བྱེད་པ་དང་ཆབས་ཅིག “5·22”རྒྱལ་སྤྱིའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཉིན་མོ་དང“6·5”འཛམ་གླིང་ཁོར་ཡུག་ཉིན་མོ་སོགས་ཀྱི་དུས་མཚམས་སུ། མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་མང་ཚོགས་དང་ཐད་ཀར་འབྲེལ་བ་ཡོད་པའི་གླེང་མང་བའི་གནད་དོན་དང་ཟུང་འབྲེལ་གྱིས། སྐྱེ་ཁམས་ཤེས་དཔལ་དྲིལ་བསྒྲགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་ཞིབ་ཚགས་བྱས་ནས། མི་ཚང་མས་ཁོར་ཡུག་སྲུང་སྐྱོང་ལ་དོ་སྣང་དང་། ཁོར་ཡུག་འཛུགས་སྐྲུན་ནང་ཞུགས་པ། ཐཱན་ཉུང་འཚོ་བ་སྐྱེལ་བ་བཅས་ཀྱི་རྣམ་པ་བཟང་པོ་ནུས་ཤུགས་ཡོད་རྒུས་བཏོད་དེ། ཆབ་མདོའི་སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཏན་ཏིག་བྱེད་ཀྱི་ཡིན་ཞེས་བཤད།