དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • སྐྱེ་ཁམས་ཁོར་ཡུག་དང་བླངས་ཞབས་ཞུར་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-05-24

    ཉེ་ཆར། ཆབ་མདོ་གྲོང་ཁྱེར་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཨུ་ལྷན་གཞུང་ལས་ཁང་དང་། སྐྱེ་ཁམས་ཁོར་ཡུག་ཅུས། གཞོན་ནུ་དང་བླངས་པའི་མཐུན་ཚོགས། དེ་བཞིན་རྫོང་ཆུས་ཁག་བཅས་ཀྱིས་མཉམ་དུ་དུས་ཡུན་ཉིན་ལྔའི་སྐྱེ་ཁམས་ཁོར་ཡུག་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།

    ད་ཐེངས་ཀྱི་བྱེད་སྒོའི་ནང་གཙོ་བོ་གཞོན་ནུ་དང་བླངས་པས་ཁྲོམ་གཞུང་དང་སྡེ་ཁུལ(གྲོང་ལྷན)དུ་བསྐྱོད་དེ་གཙང་པོར་སྐོར་སྲུང་དང་། གད་སྙིགས་རིགས་དབྱེ། ཆུ་གྲོན་ཆུང་དང་སྲུང་སྐྱོང་། ཁོར་ཡུག་གཙང་སྦྲ་སོགས་བྱས་པ་དང་། སྐྱེ་ཁམས་ཤེས་དཔལ་ལ་དམིགས་ནས་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱས་པ། མང་ཚོགས་རྣམས་རང་འགུལ་ངང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ནང་ཞུགས་པར་ཁྲིད་སྟོན་བཅས་བྱས་ནས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ་མཛེས་སྡུག་ལྡན་པའི་ཆབ་མདོ་མཉམ་དུ་སྲུང་སྐྱོང་བྱས་པ་རེད།

    བྱེད་སྒོ་སྤེལ་རིང་མི་ཚང་མས་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ལག་ལེན་ཧུར་ཐག་བསྟར་ཡོད། བྱེད་སྒོ་ལས་ལུས་སེམས་གཉིས་ཀར་སྦྱོང་བརྡར་ཐེབས་པ་མ་ཟད། གྲོང་ཁྱེར་ཡོངས་ཀྱི་མི་དམངས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཀྱང་སྔར་བས་ཟབ་ཏུ་ཕྱིན་ཡོད་ཅེས་དང་བླངས་པས་གཅིག་རྗེས་གཉིས་མཐུད་ངང་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།