དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་གི་ཁྲིམས་འཛིན་འགན་སྲུང་ཞིབ་འཇུག་ལྟེ་གནས་བཙུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-05-10

     ཉེ་ཆར། བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་བོད་ལྗོངས་སློབ་ཆེན་དང་མཉམ་གྲོས་མཉམ་སྐྲུན་བྱས་པའི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་གི་ཁྲིམས་འཛིན་འགན་སྲུང་ཞིབ་འཇུག་ལྟེ་གནས(གཤམ་དུ་ཞིབ་འཇུག་ལྟེ་གནས་ཞེས་བསྡུ་རྒྱུ)བོད་ལྗོངས་ལྷ་སར་དངོས་སུ་བཙུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཞིབ་འཇུག་ལྟེ་གནས་ཀྱིས་སྐྱེ་ཁམས་ཞིབ་དཔྱོད་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་རིགས་པའི་གཞུང་ལུགས་ཞིབ་འཇུག་གི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས་རིག་གཞུང་ལས་རིགས་དང་ཁྲིམས་འཛིན་ལས་རིགས་ཀྱི་ཐོན་ཁུངས་བཟང་པོར་བརྟེན་པ་དང་། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པར་དམིགས་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་པ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་པ། ཇུས་འདོན་ཚོགས་པའི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཞིབ་འཇུག་གི་སྤུས་རྟགས་ཧུར་ཐག་གཏོད་པ་དང་། མཚོ་བོད་ས་མཐོའི་སྐྱེ་ཁམས་ཀྱི་གནད་དོན་གལ་ཆེན་དང་ཁྲིམས་འཛིན་འགན་སྲུང་ལས་དོན་གྱི་གནད་དོན་ལ་ཞིབ་འཇུག་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་མཚོ་བོད་ས་མཐོའི་གནམ་གཤིས་འགྱུར་ལྡོག་དང་། གངས་རི་འཁྱགས་རོམ་དང་འཁྱགས་ས། སྐྱེ་ཁམས་མ་ལག་གི་ཐཱན་འདུས་སོགས་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ་དང་ཁྲིམས་འཛིན་འགན་སྲུང་ལ་ཤུགས་སྣོན་བརྒྱབ་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་གི་ཚན་རྩལ་དང་ཁྲིམས་འཛིན་འགན་སྲུང་གི་སྲུང་བཅད་མཉམ་དུ་སྐྲུན་པ། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་གི་ཚན་རྩལ་ཆེད་ལས་དང་བཅའ་ཁྲིམས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིབ་དཔྱོད་དང་སློབ་གྲྭའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཞིབ་འཇུག་གི་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཁྲོད་ཀྱི་ཚན་རྩལ་དང་ཁྲིམས་འཛིན་གྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་ཏན་ཏིག་བཅས་བྱས་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་རྒྱུ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།