དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • རང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་འགོ་ཡག་པོ་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-01

    ཉེ་ཆར་གསར་འགོད་པས་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་ནས་ཤེས་རྟོགས་བྱས་པར། 2022ལོར་རང་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་སྲོལ་ཡིག》དོན་འཁྱོལ་ནན་པོ་བྱས་ནས། མཐོ་ས་འཛུགས་གཏོད་ཀྱི་ལོ་ལྔའི་ལག་བསྟར་བསམ་འཆར་དང་ལོ་འཁོར་གྱི་ལས་ཀའི་ཇུས་གཞི་བཟོས་པ་དང་། རང་སྐྱོང་ལྗོངས་མཐོ་ས་འཛུགས་གཏོད་གཞུང་དོན་ཁང་བཙུགས་པ། ལོ་འཁོར་གྱི་ལས་འགན་གཙོ་བོ་ཁག་53དང་། གཙོ་གནད་འདེགས་སྐྱོར་རྣམ་གྲངས་14 མཚོན་རྟགས་རང་བཞིན་གྱི་ལས་གྲྭ་4བཅས་ལ་སྤྱི་འདོམས་སྐུལ་འདེད་བཏང་བ་རེད། ལོ་གཅིག་རིང་འབད་བརྩོན་བྱས་པ་བརྒྱུད་མཐོ་ས་འཛུགས་གཏོད་ཀྱི་རིགས་ཆེ་གྲས་6གི་དམིགས་ཚད་ཁག་32ལས། རང་ལྗོངས་ཀྱི་དམིགས་ཚད་ཁག་11རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ནས། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་འགོ་ཡག་པོ་བཙུགས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་རང་ལྗོངས་ཀྱིས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་7.6དོན་འཁྱོལ་བྱས་པ་དང་། སྐྱིད་མོ་མཚོ་འདམ་ར་དང་ཡར་ཀླུང་གཙང་པོའི་རིམ་པ་དང་པོའི་ཡན་ལག་ཆུ་བོ་ཕུར་བྲོ་གཙང་པོ་རྒྱུག་ཁུལ་སོགས་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་ལས་གྲྭ་སྤྱི་འདོམས་ལག་བསྟར་བྱས་པ། ཡར་ཀླུང་གཙང་པོ་དང་ལྷ་ས་སྐྱིད་ཆུའི་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོང་འདུ་འགོད་ཀྱི་ལག་བསྟར་གྲུབ་འབྲས་ལ་དཔྱད་དཔོག་བྱས་ཡོད། གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་སྤོ་སྒྱུར་ཐད་མ་དངུལ་སྒོར་དུང་ཕྱུར་37དོན་འཁྱོལ་བྱས་པ་དང་། སྐྱེ་ཁམས་ལས་གནས་ཁྲི་44.7དོན་འཁྱོལ་བྱས་པས་སྔོ་ལྗང་འཕེལ་རྒྱས་སྔར་ལས་ཡག་པོ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།