དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • མཚོ་བོད་ས་མཐོའི་སྲོག་ཆགས་དང་། རྩྭ་རྩི་ཤིང་། རི་ཀླུང་བཅས་ཁྲིམས་ལྟར་སྲུང་སྐྱོང་བྱེད་དགོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀའོ་ཅིན།   |     སྤེལ་དུས།  2023-04-28

    མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ལ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་2023ལོའི་ཟླ་9ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད། བཅའ་ཁྲིམས་འདི་གཏན་འབེབས་བྱེད་དོན་གང་ཡིན་ནམ། བཅའ་ཁྲིམས་འདིར་ནང་དོན་གཙོ་བོ་གང་དག་གཏན་འབེབས་བྱས་ཡོད་དམ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་། ཡུལ་སྐོར། རི་ཁུལ་དང་ཕྱི་རོལ་བྱེད་སྒོ་སྤེལ་རིང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་དམིགས་ཏེ་བཅའ་ཁྲིམས་འདིའི་ནང་དམིགས་སའི་རང་བཞིན་ལྡན་པའི་གཏན་འབེབས་གང་དག་བྱས་ཡོད་དམ།

    ཁྲིམས་ལྟར་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་སྲིད་འཛིན་བཅའ་ཁྲིམས་ཁང་གི་ཀྲུའུ་རེན་ཡོན་ཅེ་ཡིས་མཚོ་བོད་ས་མཐོ་ནི་འཛམ་གླིང་ཡང་རྩེ་དང་། ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག སའི་གོ་ལའི་གླེང་སྣེ་གསུམ་པ། རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་བཅས་ཡིན་པས་སྐྱེ་ཁམས་སྲུང་སྐྱོང་གི་གནས་བབ་དམིགས་བསལ་ཡིན་པ་དང་ཁྲིམས་འཛུགས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་ངོ་སྤྲོད་བྱས།

    ཡོན་ཅེ་ཡིས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་བཟོ་དོན་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགན་ལེན་དང་སྐྱེ་ཁམས་ཀྱི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པའི་ཕྱི་རོལ་ཡུལ་གྱི་བླང་བྱ་ཞིག་དང་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་གི་དམིགས་བསལ་གནད་དོན་ཐག་གཅོད་དང་མཚོ་བོད་ས་མཐོའི་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པར་ལན་འདེབས་པའི་དངོས་ཡོད་ཀྱི་དགོས་མཁོ་ཞིག་ཡིན་པས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཐད་རྩ་བ་བརྟན་ཚུགས་དང་། སྔོན་དཔག་བརྟན་པོ། ཕུགས་ལ་ཕན་པ་བཅས་ཀྱི་ནུས་པ་ཐོན་པ་དང་། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་པ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད།

    མཚོ་བོད་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།

    ཡོན་ཅེ་ཡིས་མཚོ་བོད་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་ལ་གནས་བབ་གལ་ཆེན་ལྡན་ཡོད། བཅའ་ཁྲིམས་ནང་མཚོ་བོད་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཤུཌ་སྣོན་རྒྱག་པར་གཏན་འབེབས་ཁ་གསལ་བྱས་ཡོད་ཅེས་བཤད།

    བཅའ་ཁྲིམས་ནང་རྒྱལ་ཁབ་ཀྱིས་མཚོ་བོད་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཤུགས་སྣོན་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་འདུ་འགོད་གལ་ཆེན་ལག་བསྟར་བྱས་ནས་སྐྱེ་དངོས་སྣ་མང་རང་བཞིན་ལ་གཏོར་བཤིག་མི་ཕོག་པར་བྱེད་དགོས་པའི་གཏན་འབེབས་བྱས་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་དང་མཚོ་བོད་ས་མཐོའི་ས་གནས་རིམ་ཁག་མི་དམངས་སྲིད་གཞུང་གིས་བྱེད་ཐབས་ནུས་ལྡན་སྤྱད་དེ་སྐྱེ་ཁམས་ཀྱི་བར་འཁྱམས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སྐྱེ་ཁམས་མ་ལག་གི་ཆ་ཚང་བའི་རང་བཞིན་དང་སྦྲེལ་མཐུད་རང་བཞིན་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

    བཅའ་ཁྲིམས་ནང་རྩ་ཆེ་ལ་སྟོངས་ལ་ཉེ་བའམ་ཡང་ན་དམིགས་བསལ་དུ་ཡོད་པའི་རི་སྐྱེས་སྲོག་ཆཌ་དང་རྩྭ་རྩི་ཤིང་གཅིག་སྡུད་ཁུལ་དང་འཚོ་གནས་ཁུལ་གལ་ཆེན་སོགས་སུ་ཁྲིམས་ལྟར་རྒྱལ་ཁབ་སྤྱི་གླིང་དང་། རང་བྱུང་སྲུང་སྐྱོང་ཁུལ་། རང་བྱུང་སྤྱི་གླིང་སོགས་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་ནས་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་རང་བྱུང་སྐྱེ་ཁམས་མ་ལག་གལ་ཆེན་གྱི་གདོད་མའི་རྣམ་པ་དང་ཆ་ཚང་བའི་རང་བཞིན་རྒྱུན་འཁྱོངས་བྱེད་དགོས་པ་ཁ་གསལ་བཏོན་ཡོད།

    བཅའ་ཁྲིམས་ནང་རི་སྐྱེས་སྲོག་ཆགས་དང་རྩྭ་རྩི་ཤིང་གི་རིགས་ལ་བརྟག་དཔྱད་བྱས་ཏེ་རི་སྐྱེས་སྲོག་ཆགས་འཚོ་གནས་ཁུལ་དང་། གནས་སྤོ་དང་འགྲོ་སྐྱོད་ལམ་བུ། རི་སྐྱེས་རྩི་ཤིང་གི་གདོད་མའི་རྣམ་པ་བཅས་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་མཚོ་བོད་ས་མཐོའི་རྩ་ཆེ་ལ་སྟོངས་ལ་ཉེ་བའམ་ཡང་ན་དམིགས་བསལ་དུ་ཡོད་པའི་རི་སྐྱེས་སྲོག་ཆགས་དང་རྩྭ་རྩི་ཤིང་གི་རིགས་ལ་གཙོ་གནད་དུ་སྲུང་སྐྱོང་བྱས་ནས་འབྲེལ་ཡོད་མིང་གཞུང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

    ཡུལ་སྐོར་དང་རི་ཁུལ་དང་ཕྱི་རོལ་གྱི་བྱེད་སྒོ་སྤེལ་རིང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།

    མཚོ་བོད་ས་མཐོར་ཡུལ་སྐོར་དང་རི་ཁུལ་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་ཡུལ་སྐོར་དང་རི་ཁུལ་དང་ཕྱི་རོལ་གྱི་བྱེད་སྒོ་སྤེལ་བའི་དབང་གིས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་ཕོག་པའི་གནད་དོན་ལ་དོ་ཁུར་བྱེད་ཤུགས་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད། ཡོན་ཅེ་ཡིས་བཅའ་ཁྲིམས་འདིས་ཡུལ་སྐོར་དང་རི་ཁུལ་དང་ཕྱི་རོལ་བྱེད་སྒོ་སྤེལ་རིང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཐད་གཏན་འབེབས་བྱས་ཡོད་ཅེས་ངོ་སྤྲོད་བྱས།

    བཅའ་ཁྲིམས་ནང་མཚོ་བོད་ས་མཐོའི་ཡུལ་སྐོར་དང་རི་ཁུལ་དང་ཕྱི་རོལ་གྱི་བྱེད་སྒོ་སོགས་སྒྲིག་འཛུགས་བྱེད་པའམ་ཡང་ན་དེའི་ནང་ཞུགས་སྐབས་ངེས་པར་དུ་བདེ་འཇགས་ཀྱི་གཏན་འབེབས་དང་ཡ་རབས་བྱ་སྤྱོད་ཀྱི་ཚད་གཞིར་བརྩི་སྲུང་ཞུ་དགོས་པ་དང་། ས་ཁོངས་ཀྱི་སྐྱེ་ཁམས་ཡུལ་སྐོར་དང་རི་ཁུལ་དང་ཕྱི་རོལ་བྱེད་སྒོ་སོགས་དོ་དམ་ཚོད་འཛིན་དང་ཚད་ལྡན་གྱི་བླང་བྱ་དང་མཐུན་དགོས། རང་བྱུང་མཛེས་ལྗོངས་དང་རྩྭ་ཐང་གི་སྔོ་ཁེབས་གཏོར་བརླག་གཏོང་བ་དང་། རི་སྐྱེས་སྲོག་ཆགས་རྔོན་རྒྱག་པ་དང་རྩྭ་རྩི་ཤིང་སྔོག་འཐུ་བྱེད་པ་བཅས་གཏན་འགོག་བྱེད་དགོས་པའི་གཏན་འབེབས་བྱས་ཡོད།

    བཅའ་ཁྲིམས་ཀྱི་འགན་འཁྲིའི་ཐད་བཅའ་ཁྲིམས་ནང་ཡུལ་སྐོར་དང་རི་ཁུལ་དང་ཕྱི་རོལ་གྱི་བྱེད་སྒོ་སྤེལ་རིང་འཚོ་བའི་གད་སྙིགས་གང་བྱུང་དུ་དབྱུགས་པ་སོགས་ཀྱི་རིགས། ཁོར་ཡུག་འཕྲོད་བསྟེན་གཙོ་འགན་འཁུར་མཁན་སྡེ་ཚན་ནམ་ཡང་ན་ས་གནས་མི་དམངས་སྲིད་གཞུང་གིས་དམིགས་འཛུགས་བྱས་པའི་སྡེ་ཚན་གྱིས་ཡོ་བསྲང་བྱེད་དགོས་པའི་བཀའ་གཏོང་རྒྱུ་དང་མི་སྒེར་དང་ཚན་པར་དངུལ་ཆད་གཅོད་རྒྱུ་དང་། རང་བྱུང་མཛེས་ལྗོངས་དང་རྩྭ་ཐང་དང་སྔོ་ཁེབས་གཏོར་བརླག་བཏང་བའམ་ཡང་ན་རྒྱལ་ཁབ་བམ་ས་གནས་ཀྱིས་གཙོ་གནད་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་རྔོན་རྒྱག་པ་དང་རྩྭ་རྩི་ཤིང་སྔོག་འཐུ་བྱས་རིགས་ལ་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ཉེས་ཆད་ལྕི་པོ་གཅོད་དགོས་ལུགས་བཏོན་ཡོད།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་26ཉིན་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།