དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ཀྱིས་འཕེལ་རྒྱས་ཀྱི་འབྱུང་འཕྲོད་དང་ཐཱན་ཉུང་ཅན་ལ་སྐུལ་འདེད་གཏོང་ཆེད་ས་མཐོའི་སྒུལ་ཤུགས་འདོན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལིན་ཅན་དབྱང་། ཁྲེན་ཧྲང་ཚའེ། ཐེན་ཅིན་ཝུན། ཉའེ་དབྱི།   |     སྤེལ་དུས།  2023-04-17

    “རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རྒྱང་ལམ་གསར་པར་ང་ཚོས་བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོར་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འབྱུང་འཕྲོད་དང་ཐཱན་ཉུང་ཅན་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་ཡོད།

    རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་གི་ངོས་ནས། བོད་ཀྱིས་གོ་སྐབས་དང་དུས་ཚོད་དམ་འཛིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བར་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པར་སྐུལ་འདེད་ཏན་ཏིག་བཏང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འབྱུང་འཕྲོད་ཐཱན་ཉུང་ཅན་ལ་སྐུལ་འདེད་གཏོང་ཆེད་ས་མཐོའི་སྒུལ་ཤུགས་འདོན་བཞིན་ཡོད།

    “ས་གོ་ལའི་སྣེ་གསུམ་པ”སྲུང་བ།

    གནམ་གཤིས་དྲོ་རུ་འགྲོ་བ་དང་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་རེས་སྐོར་གསར་པའི་འཛུགས་སྐྲུན་གྱི་ཚ་རླབས་ཤིག་འཕྱུར་ཡོད། “ལོ་ལྔའི་རིང་རི་ཀླུང་དུ་སྔོ་ལྗང་མང་དུ་གཏོང་བ་དང་ལོ་བཅུ་ཡི་རིང་ལྷ་སར་སྔོ་ལྗང་གིས་ཁེངས་པའི”འདུན་པ་བཟང་པོ་བཅངས་ནས་འཛུགས་སྐྲུན་པ་གྲངས་ལས་འདས་པས་སྦྱག་མ་ཁྱེར་ཏེ་རི་སྟེང་དུ་ནགས་བཟོའི་ལས་ལ་གཞོལ་ཡོད། བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧུའུ་ཀྲི་ཀོང་གིས་2022ལོར་ལས་གྲྭ་དེའི་ནགས་བཟོའི་རྒྱ་ཁྱོན་མུའུ་ཁྲི་14ལེགས་གྲུབ་ཟིན་པ་དང་། སྡོང་ཕྲུག་གསོན་ཚད་85%ཡན་ཟིན་ཡོད། འདི་ལོའི་ལས་འགན་གཙོ་བོ་ནི་ས་སོབ་སོབ་དང་གནོད་འབུ་མེད་པར་བཟོ་བ་དང་། གསབ་འཛུགས་གསབ་འདེབས། སྔོ་འགྱུར་བདག་སྐྱོང་སོགས་བྱས་ནས་སྤྱི་ཡོངས་ཀྱི་སྔོ་འགྱུར་ཕན་འབྲས་འགན་ལེན་བྱེད་དགོས་ཞེས་ངོ་སྤྲོད་བྱས་པ་རེད།

    “འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དུ། གཙོ་གནད་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་ཉམས་གསོའི་འདུ་འགོད་གལ་ཆེན་མུ་མཐུད་ལག་བསྟར་དང་སྔོ་ལྗང་ནི་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་ཡག་ཤོས་རེད། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ནི་ལྷ་སའི་ས་མཐོའི་རི་ཀླུང་སྔོ་འགྱུར་རྣམ་པ་འཚོལ་ཞིབ་དང་གསར་གཏོད་བྱེད་པའི་དཔེ་སྟོན་ལས་གྲྭ་ཞིག་ཡིན་པས། འགན་ནུས་སྡེ་ཚན་གྱིས་ཚན་རིག་དང་མཐུན་པའི་འཆར་འགོད་བྱེད་དགོས་ལ། སྤྱི་ཚོགས་ཡོངས་ཀྱིས་དེ་བས་ཀྱང་ཐུན་མོང་འབད་བརྩོན་བྱེད་དགོས”ཞེས་ཧུའུ་ཀྲི་ཀོང་གིས་བཤད།

    རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་གྲོལ་རྗེས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བོད་ལྗོངས་སློབ་ཆེན་སྐྱེ་ཁམས་ཁོར་ཡུག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ལྷག་ཆུང་གིས་ཚན་ཞིབ་ཚོགས་པ་སྒྲིག་འཛུགས་བྱས་ནས། བོད་ཀྱི་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་དུ་རྨང་གཞིའི་གྲངས་གཞི་འཚོལ་བསྡུ་དང་། བརྒྱུད་གཏོང་། བེད་སྤྱོད་སོགས་ཀྱི་ལས་དོན་སྤེལ་ནས་འདམ་རའི་འགུལ་རྣམ་གྱི་འགྱུར་ལྡོག་ཆོས་ཉིད་ཁོང་དུ་ཆུད་དེ་བོད་ཀྱི་འདམ་ར་སྲུང་སྐྱོང་ལ་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

    ལྷག་ཆུང་གིས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་ནི་དུས་ཡུན་རིང་ལ་དཀའ་ཚེགས་ཆེ་བའི་ལས་འགན་ཞིག་ཡིན་པས་ཚན་རིག་ཞིབ་འཇུག་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་དགོས་ཞེས་གསུངས།

    “སྐྱེ་ཁམས་ཐོན་ལས་ཅན”ལ་དམིགས་པ།

    ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་རྒུན་འབྲུམ་འདེབས་འཛུགས་གླིང་དུ་སྐྱོད་སྐབས་གསར་འགོད་པར་བྲེལ་འཚུབ་ཆེ་བའི་རྣམ་པ་ཞིག་མཐོང་བ་སྟེ། གྲོང་མི་ཚོས་མྱུ་གུ་འཛུགས་པ་དང་། ས་སྣོན་པ། ཆུ་རྒྱག་པ་བཅས་བྱས་ནས་རྒུན་འབྲུམ་མྱུ་གུ་ཡང་བསྐྱར་འཛུགས་བཞིན་འདུག

    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས། ཐོག་མཐའ་བར་གསུམ་དུ་གསར་གཏོད་དང་། མཐུན་སྦྱོར། འབྱུང་འཕྲོད། སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་ནང་གནས་གཅིག་གྱུར་ལ་བརྟེན་ནས་འཕེལ་རྒྱས་ལ་སྟངས་འཛིན་དང་། འཕེལ་རྒྱས་ལ་བསྡུར་ཞིབ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་ཡོད། ང་ཚོས‘ཀུང་སི་+རྟེན་གཞི་+ཞིང་དུད’ཀྱི་རྣམ་པ་སྤྱད་དེ་ས་ཆ་གཅིག་ནས་བོགས་དངུལ་དང་། རྐང་དངུལ། དངུལ་སྨར། གླ་དངུལ་སོགས‘དངུལ་བཞི’མངོན་འགྱུར་ཡོང་བར་བྱེད་པ་དང་དུས་མཚུངས། འོད་ཤུགས་ཐོན་ལས་འཕེལ་རྒྱས་བཏང་ནས་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་བ་དང་ཆབས་ཅིག ཁོར་ཡུག་སྲུང་སྐྱོང་དང་ས་ཆུ་མ་ཤོར་སྔོན་འགོག་བྱེད་ཀྱི་ཡོད”ཅེས་ཟངས་རི་རྫོང་གྲོང་གསེབ་དར་རྒྱས་ཅུས་ཀྱི་ཅུས་ཀྲང་ཀྲང་ཡུང་གིས་ངོ་སྤྲོད་བྱས་པ་དང་ཟངས་རི་རྫོང་གིས་རྒུན་འབྲུམ་ཐོན་ལས་ལ་དམ་འཛིན་བྱ་གཞིར་བྱས་ནས་ཐོན་ལས་འཕེལ་རྒྱས་སྐྱེ་ཁམས་འདེབས་འཛུགས་དང་སྐྱེ་ཁམས་ཡུལ་སྐོར་སོགས་སྣ་མང་སྐྱེ་ཁམས་ཐོན་ལས་མ་ལག་དང་མཉམ་འདྲེས་བྱེད་བཞིན་ཡོད།

    དྭངས་གསལ་དུས་ཚིགས་ཡོལ་མ་ཐག་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་འགྲམ་གྱི་ཉིང་ཁྲི་གྲོང་རྡལ་ཀླུ་སྟེང་གྲོང་ཚོར“ཡུལ་སྐོར་སྤྲོ་གསེང་གྲོང་ཚོ”གཏོད་པ་བརྗོད་དོན་གཙོ་བོར་བྱས་པའི་ལས་བྱེད་པ་དང་མང་ཚོགས་དབར་གྱི་སྤེལ་རེས་ཚོགས་འདུ་འཚོག་བཞིན་ཡོད། “ས་ཆའི་གཏིང་ཤུགས་ཇི་ལྟར་འདོན་དགོས་སམ། འཛུགས་སྐྲུན་འཆར་འགོད་ཇི་ལྟར་བཟོ་དགོས་སམ། མི་ཕྱུགས་ལོགས་དབྱེ་ཇི་ལྟར་བྱེད་དགོས་སམ” ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་ཆུས་ཀྲང་གཞོན་པ་དབྱང་ཧྥན་གྱིས་རྒྱལ་ཁབ་ས་ཆ་དང་། ཁོར་ཡུག་སྲུང་སྐྱོང་། གྲོང་ཁྱེར་འཛུགས་སྐྲུན། གྲོང་གསེབ་དར་རྒྱས་སོགས་སྡེ་ཚན་གྱི་འགན་འཁུར་བའི་སྣེ་ཁྲིད་དེ་གྲོང་མིའི་འཐུས་མི་དང་གྲོས་བསྡུར་འཁྲུག་པོ་ཞིག་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཀོང་ཏུང་གི་བོད་སྐྱོར་ལས་དོན་རུ་ཁག་གིས་མ་དངུལ་སྒོར་ཁྲི་4000བཏང་ནས“བོད་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་གནའ་བོའི་གྲོང་རྡལ”གྱི་དཔེ་དབྱིབས་ལ་གཞིགས་ཏེ་ཀླུ་སྟེང་གྲོང་ཚོ་སྤུས་ཚད་མཐོ་བའི་ཡུལ་སྐོར་གྲོང་ཚོ་དང་གྲོང་རྡལ་དུ་བསྐྲུན་ནས་མང་ཚོགས་ལ“སྐྱེ་ཁམས་ཡོང་འབབ”ཡོང་བར་བྱེད་ཀྱི་ཡོད་པ་རེད།

    འབྱུང་འཕྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།

    ས་བབ་མཐོ་ཚད་སྨི་4500ལྷག་ཙམ་ཟིན་པའི་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་དགའ་ལྡན་ཁང་གསར་གྲོང་ཚོའི་རྒྱ་ཁྱོན་མུའུ་2200བཟུང་བའི་གྲལ་སྟར་འགྲིག་པའི་ཉི་ནུས་འོད་ཤུགས་ལྷུ་ལག་25000ལྷག་ཙམ་ཨ་སྔོན་སྤྲིན་དཀར་འོག་དེ་བས་བཀྲག་མདངས་འཚེར། དེ་ནི་མིག་སྔར་བོད་ཀྱི་འོད་ཤུགས་གློག་འདོན་རྣམ་གྲངས་ཆེ་ཤོས་དེ་ཡིན་པ་དང་། འཛུགས་སྐྲུན་གཞི་ཁྱོན“ཆན་ཝ་ཁྲི་12ཟིན་པའི་འོད་ཤུགས་དང་ཆན་ཝ་ཆུ་ཚོད་ཁྲི་12ཟིན་པའི་གསོག་ནུས”བསྐྲུན་ནས་ལོ་རེར་ཆ་སྙོམས་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་2.47ཟིན་རྒྱུ་ཡིན་པ་རེད།

    “དེ་ནི་བོད་ཀྱི་ས་བབ་མཐོ་ཚད་སྨི་4500ཡན་གྱི་འོད་ཤུགས་དང་གསོག་ནུས་ནུས་རྒྱུ་མཁོ་སྤྲོད་འགན་ལེན་གྱི་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་མཁན་ཞིག་རེད”ཧྭ་གློག་ནུས་རྒྱུ་གསར་པའི་ཚོགས་པ་མ་རྐང་ཚད་ཡོད་ཀུང་སི་བོད་ལྗོངས་ཡན་ལག་ཀུང་སིའི་རྣམ་གྲངས་འགན་འཁུར་བ་ཅང་ཅ་པའོ་ཡིས་རྣམ་གྲངས་དེའི་གཤོང་ཚད་ཡོངས་ནས་གློག་གཏོང་འགོ་ཚུགས་རྗེས་ལོ་ལྟར་ཚད་ལྡན་རྡོ་སོལ་ཏུན་ཁྲི་7.63གྲོན་ཆུང་ཐུབ་པ་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་21.96ཉུང་དུ་ཕྱིན་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་ཐུབ་ཅེས་ངོ་སྤྲོད་བྱས་པ་རེད།

    ས་མཐོའི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་། ནུས་རྒྱུ་གཙང་མའི་རྟེན་གཞི་བསྐྲུན་པ། ས་མཐོའི་གྲངས་འཛིན་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ་སོགས་འདི་ལོ་བོད་ཀྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་འབྱུང་འཕྲོད་འཕེལ་རྒྱས་ཀྱི་ལམ་བུར་མུ་མཐུད་བསྐྱོད་དེ་སྐྱེ་ཁམས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས་ཐོན་ལས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བ་དང་། ས་མཐོའི་ས་ཁོངས་ཀྱི་སྤུས་རྟགས་གཏོད་པ། ཐོན་ལས་འཁོར་འབྲེལ་སྣུར་སྲིང་བཅས་ཀྱི་ཐད་འབད་བརྩོན་བྱས་ནས་ལྗང་མདོག་ཐཱན་ཉུང་ཐོན་ལས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།