དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ནས་སྣ་མའི་མེ་ཏོག་རིགས་ཀྱི་རྩི་ཤིང་གསར་པ་ཞིག་རྙེད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-04-07

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་4ཚེས་5ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་བོད་རང་སྐྱོང་ལྗོངས་མེ་ཏོག་རྫོང་ནཌ་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོཌ་བྱས་པར། བོད་ལྗོངས་སྣ་མའི་མེ་ཏོག་རིགས་ཀྱི་རྩི་ཤིང་བརྟག་དཔྱད་རུ་ཁག་ལ་མེ་ཏོག་རྫོང་ཁོངས་ནས་བཟོ་ལྟ་མི་འདྲ་བའི་སྣ་མའི་མེ་ཏོག་རིགས་ཀྱི་རྩི་ཤིང་གསར་པ་ཞིག་རྙེད་པ་རེད། ཞིབ་འཇུག་མི་སྣས་དེའི་ངོ་བོ་དང་། གཟུཌ་དབྱིབས། ཆ་རྡུལ་གྱི་མ་ལག་རིག་པ་བཅས་ལ་ཞིབ་འཇུག་བྱས་པ་བརྒྱུད་དེ་ནི་བཟོ་དབྱིབས་མི་འདྲ་བའི་སྣ་མའི་མེ་ཏོག་རིཌ་ཀྱི་རྩི་ཤིང་སྣ་ཁ་གསར་པ་སྟེ་མེ་ཏོག་རྫོང་གི་བཟོ་དབྱིབས་མི་འདྲ་བའི་སྣ་མའི་མེ་ཏོག་ཏུ་གཏན་འཁེལ་བྱས་པ་རེད།

    བོད་ལྗོངས་སྣ་མའི་མེ་ཏོག་རིགས་ཀྱི་རྩི་ཤིང་བརྟག་དཔྱད་རུ་ཁག་གི་འགན་འཁུར་བ་ཀྲུང་གོ་ཚན་རིག་ཁང་རྩི་ཤིང་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཅིན་ཞའོ་ཧྭ་ཡིས། མེ་ཏོག་རྫོང་གི་བཟོ་དབྱིབས་མི་འདྲ་བའི་སྣ་མའི་མེ་ཏོག་ཐོག་མར་འབྲུག་ཡུལ་ནས་རྙེད་པ་དང་། རྒྱལ་ནང་ལ་མཚོན་ན་མེ་ཏོག་རྫོང་ཁོ་ནར་མ་གཏོཌ་ཁྱབ་མེད། མེ་ཏོག་རྫོང་གི་བཟོ་དབྱིབས་མི་འདྲ་བའི་སྣ་མའི་མེ་ཏོག་བཞད་དུས་ནི་ཟླ་4པ་ནས་ཟླ་5པའི་བར་རེད་ཅེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།