2023ལོའི་ལྷ་སའི་ལྷོ་རི་བྱང་རི་ནགས་བཟོ་སྔོ་འགྱུར་སྐུལ་སློང་བཀོད་སྒྲིག་གི་ཚོགས་འདུ་འཚོགས་པ།
ཉེ་ཆར། ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་བཀོད་འདོམས་པུའི་བླང་བྱ་གཞིར་བཟུང་། 2023ལོའི་ལྷ་སའི་ལྷོ་རི་བྱང་རིའི་ནགས་བཟོ་སྔོ་འགྱུར་སྐུལ་སློང་བཀོད་སྒྲིག་གི་ཚོགས་འདུ་འཚོགས་པ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པ་འཇམ་དཔལ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུས་ན་ནིང་གི་སྔོ་འགྱུར་ལས་གྲྭ་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་བྱས་ཤིང་། ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭ་ནི་རང་ལྗོངས་ཀྱི་གཞི་ཁྱོན་ཆེ་བའི་སྐྱེ་ཁམས་འཛུགས་སྐྱོང་གི་མཚོན་བྱེད་རང་བཞིན་གྱི་ལས་གྲྭ་ཐོག་མ་དེ་ཡིན་ལ། མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་བའི་དམངས་འཚོའི་ལས་གྲྭ་གལ་ཆེན་ཞིག་ཀྱང་ཡིན་པས། འབྲེལ་ཡོད་སྡེ་ཚན་ཁག་གིས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲུའུ་ཞི་ཡན་ཅིན་ཧའེ་ཡི་མཛུབ་སྟོན་དགོངས་པ་དོན་འཁྱོལ། བསམ་བློ་གཅིག་གྱུར་དང་། ཡིད་ཆེས་བརྟན་གཏོང་། སེམས་ཤུགས་གཅིག་སྒྲིལ་བཅས་བྱས་ནས་བརྟན་ཞིང་གོ་རིམ་ལྡན་ལ་སྤུས་ལེགས་ནུས་ཆེའི་སྒོ་ནས་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭར་འཕེལ་རིམ་གསར་པ་ཡོང་བའི་འགན་ལེན་བྱེད་དགོས་པ་བསྟན་ཡོད།
ཚོགས་འདུར། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་དང་ཕྱོགས་ཁག་གི་འགན་འཁྲི་ནན་དུ་བཏང་ནས“སྤུས་ཕན་མཐོར་གཏོང་དང་། གསབ་བཟོ། 2023ལོའི་ནགས་བཟོ་སྔོ་འགྱུར”བཅས་ཀྱི་དམིགས་ཚད་ལ་དམ་པོར་དམིགས་ནས་དཔྱིད་དུས་ཀྱི་ནགས་བཟོའི་ནམ་དུས་ཡག་ཤོས་དམ་འཛིན་བྱས་ཏེ་ཉིན་བརྒྱ་ཡི་རིང་གཅིག་སྡུད་འགག་སྒྲོལ་གྱིས་2023ལོའི་ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པའི་ནན་བཤད་བྱས་པ་རེད།