དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ​ལྷ་སའི་ལྷོ་བྱང་སྐོར་ལམ་རྒྱུད་ཀྱི་ནགས་བཟོའི་འདུ་འགོད་ཀྱི་ནགས་ཚལ་མེ་སྐྱོན་སྔོན་འགོག་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-06

     ཉེ་ཆར། ལྷ་ས་གྲོང་ཁྱེར་ནགས་ཚལ་དང་རྩྭ་ཐང་ཅུས་ཞིབ་བཤེར་ཚོགས་ཆུང་གིས་ལྷ་སའི་ལྷོ་བྱང་སྐོར་ལམ་རྒྱུད་ཀྱི་ནགས་བཟོའི་འདུ་འགོད་ལག་ལེན་བསྟར་ཡུལ་དུ་ནགས་ཚལ་མེ་སྐྱོན་སྔོན་འགོག་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པར་བསྐྱོད་པ་རེད།

    ཞིབ་བཤེར་ཚོགས་ཆུང་གིས་སྔ་རྗེས་སུ་2020ལོའི་ནགས་བཟོ་ནགས་སྐྱོང་སྔོན་བསྐྲུན་རྗེས་གསབ་ཀྱི་འདུ་འགོད་དང་། 2021ལོའི་ནགས་བཟོ་ནགས་སྐྱོང་སྔོན་བསྐྲུན་རྗེས་གསབ་ཀྱི་འདུ་འགོད། བུམ་པ་རིའི་2020ལོའི་ནགས་བཟོ་སྔོ་འགྱུར་གྱི་འདུ་འགོད། བྱང་རིའི་སྐྱེ་ཁམས་ཉམས་གསོའི་འདུ་འགོད་སོགས་ལ་ས་གནས་ས་ཐོག་ཏུ་ལྟ་སྐུལ་ཞིབ་བཤེར་བྱས་ཏེ་ནགས་བཟོའི་འདུ་འགོད་ཀྱི་མེ་དང་གློག་སྤྱོད་ཚུལ་དང་། གློག་སྐུད་ཀྱི་སྤུས་ཚད། མེ་ཟོན་སྒྲིག་ཆས། རི་སྐོར་མེ་ཟོན་སོགས་ཀྱི་གནས་ཚུལ་ལ་གཙོ་གནད་ཐོག་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་རེད། ཞིབ་བཤེར་བྱེད་སྐབས། ལས་དོན་པས་ཁ་པར་ནས་འབྲེལ་གཏུག་དང་ས་གནས་ས་ཐོག་ཏུ་བསམ་འཆར་འདོན་པ་སོགས་བརྒྱུད། ཨར་ལས་སྡེ་ཚན་ཁག་གི་འགན་འཁུར་བར་མིག་སྔའི་ནགས་ཚལ་མེ་སྐྱོན་སྔོན་འགོག་ལས་དོན་གྱི་དུས་བབ་ཛ་དྲག་པོར་ངོས་འཛིན་གང་ལེགས་བྱས་ནས་རིམ་པ་བཞིན་འགན་འཁྲི་ནན་དུ་གཏོང་བ་དང་། མེ་ཟོན་གྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ། མེ་ཟོན་གྱི་འགན་འཁྲི་དང་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བ་དང་། ནགས་བཟོའི་ཁུལ་དུ་ཆུ་འདྲེན་པ། མེ་ཟོན་སྒྲིག་ཆས་སྒྲིག་སྦྱོར། མེ་ཟོན་མཚོན་རྟགས་འཛུགས་པ་སོགས་ཀྱི་བྱ་ཐབས་ཞིབ་ཕྲ་བཟོས་ནས་ནགས་བཟོའི་ས་ཁོངས་ཀྱི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཆུང་དུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།