དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • དྲོད་འཇམ་ཆུ་ཚན་ལ་བརྟེན་ནས་སྐྱིད་པའི་འཚོ་བར་རོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-04

    ཉེ་བའི་ལོ་ཤས་རིང་། སྨན་གླིང་རྫོང་གིས་གྲོང་ཁྱེར་དང་གྲོང་རྡལ་ལྟེ་བར་བྱས་ནས་རྫོང་ཡོངས་ཀྱི་ཡུལ་སྐོར་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་གྲོང་གསེབ་ཡུལ་སྐོར་དང་། གདོད་མའི་སྐྱེ་ཁམས། ཁྱད་ལྡན་ཡུལ་སྐོར་བཅས་ཀྱིས་གཙོ་བོར་བྱས་པའི་ཡུལ་སྐོར་ཐོན་ལས་མ་ལག་ཆེན་པོ་གསུམ་བཙུགས་པས། སྨན་གླིང་རྫོང་གི་སྐུ་དཀར་ཆུ་ཚན་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་ས་གནས་དེ་གའི་ཕྱོགས་བསྡུས་ཆུ་ཚན་གྱི་ཡུལ་སྐོར་དམིགས་ས་ཞིག་ཏུ་གྱུར་ཡོད།

    སྐུ་དཀར་ཆུ་ཚན་ནི་ཡར་ཀླུང་གཙང་པོའི་གྲོག་རོང་ཆེ་མོར་སྐྱོད་མཁན་ཚོས་བརྒྱུད་དགོས་ངེས་ཀྱི་ལམ་ཁ་ཞིག་སྟེ་སྐུ་དཀར་གྲོང་ཚོ་དང་བར་ཐག་སྨི་1600ཡོད་པའི་རི་ལྡེབས་སུ་གནས་ཡོད་ལ། དེའི་མཐའ་འཁོར་གྱི་ཡུལ་ལྗོངས་ལྟ་ན་སྡུག་ཅིང་། ཆུ་ཚན་ནང་དུ་ཚད་ཉུང་མ་རྒྱུ་དང་གཏེར་རྒྱུ་སྣ་ཚོགས་འདུས་ཡོད།

    ཉེ་བའི་ལོ་ཤས་རིང་། སྐུ་དཀར་ཆུ་ཚན་དུ་སྨི་3000ཟིན་པའི་ཆུ་ཚན་ལམ་བཟོས་པ་མ་ཟད། ད་དུང་མགྲོན་ཁང་དང་། ནུས་མང་ཚོཌ་ཁང་། ཟ་ཁང་། སྐྲ་ཁང་དང་མཛེས་བཟོ་ཁང་། སྤྲོ་གསེང་ཇ་ཁང་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་ཡོད་པའི་བོད་ལུགས་ཆུ་ཚན་ཁམས་གསོ་མགྲོན་ཁང་དང་། རླངས་ལུམས་ཁང་དང་། རླངས་ལུམས་ཚོམས་ཆེན། འཕུར་མཉེད་ཁང་། མཐོངས་ཡངས་ཁྲུས་རྫིང་། སྨན་བཅོས་ཁང་། སྨན་རྫས་ཞིབ་འཇུག་ཁང་། ངལ་གསོ་ཁང་སོགས་ཡོད་པའི་བོད་ལུགས་ལུམས་བཅོས་ཁང་ཡང་བཙུགས་ཡོད། དེས་མ་ཟད་གློག་ཁང་ཆུང་གྲས་དང་། ཆུ་གཙང་གསིང་སྒྲིག་ཆས། ཁོར་ཡུག་སྲུང་སྐྱོང་གསང་སྤྱོད་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་གཞན་དག་ཀྱང་སྒྲིག་སྦྱོར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།