དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ལུས་གསོའི་རིག་གནས་ཡུལ་སྐོར་བྱེད་སྟངས་སྣ་ཚོགས་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-04

     ཉེ་བའི་ལོ་ཤས་རིང་། བཞད་མཐོང་སྨོན་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཆབ་ཁ་ཆུ་ཚན་གྱི་ཡུལ་སྐོར་གྲོང་རྡལ་ཆུང་ངུར་བརྟེན་ནས“ཡུལ་སྐོར་དང་ཆུ་ཚན”དང“ཡུལ་སྐོར་དང་ལུས་གསོའི”འཕེལ་རྒྱས་གཏོང་སྟངས་བཏོད་དེ་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་ཡོད།

    གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་དུ་ས་འོག་ཚ་ནུས་ཀྱི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་ཅིང་། ཆུ་ཚན་དང་གྱེན་འཕྱུར་ཆུ་མིག་15ལྷག་ཙམ་ཡོད་པ་དང་། གཞི་ཁྱོན་ཅུང་ཆེ་བའི་ཆབ་ཁ་ཆུ་ཚན་དང་། ཚ་ཕུ་ཆུ་ཚན། འབུར་ཆུ་ཚན། རྐ་གོང་ཆུ་ཚན་སོགས་ཡོད། མིག་སྔར་བཞད་མཐོང་སྨོན་རྫོང་ལ་Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་6ཡོད་པ་དང་། དེའི་ནང་ཆབ་ཁ་ཆུ་ཚན་ཡུལ་སྐོར་གྲོང་རྡལ་ཆུང་ངུ་ནི་རྫོང་ཡོངས་ཀྱི་ལེགས་ཆ་དང་མངོན་མེད་སྟོབས་ཤུགས་ཆེ་ཤོས་ལྡན་པའི་ཡུལ་སྐོར་ཐོན་ཁུངས་ཤིག་ཡིན་པ་དེས་ཆུ་ཚན་སྤྲོ་གསེང་དང་ལུས་གསོའི་ཡུལ་སྐོར་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཡོད་པ་དང་། 2015ལོར་རྒྱལ་ཁབ་ཀྱི་3Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ལ་བདམས་ཡོད།

    ཆབ་ཁ་ཆུ་ཚན་ཡུལ་སྐོར་གྲོང་རྡལ་ཆུང་ངུ་བཞད་མཐོང་སྨོན་རྫོང་གྲོང་དང་བར་ཐག་སྤྱི་ལེ་2.5དང་། གཞིས་རྩེ་གྲོང་ཁུལ་དང་བར་ཐག་སྤྱི་ལེ་85.5ཆོད་ཡོད། ཡུལ་སྐོར་བའི་ཟ་སྡོད་འགྲོ་གསུམ་དང་། ཡུལ་སྐོར་དང་། ཉོ་སྒྲུབ། རོལ་རྩེད་སོགས་ཀྱི་དགོས་མཁོ་མང་པོ་སྐོང་ཐུབ་པས། འདི་ནི་གཞིས་རྩེ་གྲོང་ཁྱེར་གྱི་ཇོ་མོ་གླང་མའི་བྱང་སྐོར་ལམ་ཐིག་དང་ཡུལ་སྐོར་དཀྱིལ་སྐོར་ལམ་ཐིག་ཐོག་གི་འདེགས་སྐྱོར་ནུས་པ་ལྡན་པའི་ཡུལ་སྐོར་བྱ་ཡུལ་གལ་ཆེན་ཞིག་ཡིན་པ་དེ་ཐག་རིང་ཐུང་གཉིས་ཀའི་ཡུལ་སྐོར་བྱ་ཡུལ་ཡིན་ལ། འཁོར་གཏོང་ཡུལ་སྐོར་བྱ་ཡུལ་ཡག་ཤོས་ཤིག་ཀྱང་རེད། ཆབ་ཁ་ཆུ་ཚན་གྱི་ཆུ་ལ་ཟངས་དང་ཏི་ཚ་སོགས་མིའི་གཟུགས་པོར་ཕན་པའི་གཏེར་རྒྱུ་མང་པོ་འདུས་པས། ལྗོངས་ཕྱི་ནང་གི་ཡུལ་སྐོར་བ་མང་པོ་དེ་གར་ཡུལ་སྐོར་དང་ལུས་གསོར་ཡོང་རྒྱུའི་ཡིད་དབང་བཀུག་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།