དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • གདོད་མའི་སྐྱེ་ཁམས་ལ་བརྟེན་ནས་བདེ་ཐང་ཡོང་བར་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-04

    ཆབ་མདོ་གྲོང་ཁྱེར་ལ་ས་འོག་ཚ་ནུས་ཀྱི་ཐོན་ཁུངས་ཕུན་སུམ་ཚོཌ་པོ་ཡོད་ཅིང་། རྫོང(ཆུས)ཁག་ཏུ་ཆུ་ཚན་ཆེ་ཆུང་མི་འདྲ་བ་མང་པོ་ཡོད་པས། ལྗོངས་ཕྱི་ནང་གི་མང་ཚོགས་མི་ཉུང་བ་ཞིག་སྤྲིན་གྱི་ཚོགས་བཞིན་གནས་དེར་ཡོང་གི་ཡོད། ཉེ་བའི་ལོ་ཤས་རིང་། སྨར་ཁམས་རྫོང་སྲིད་གཞུང་གིས་ཆུ་ཚན་ཁ་ཤང་གི་ཆུ་ཚན་གསར་སྤེལ་བྱས་པ་བརྒྱུད། ཆུ་ཚན་གྱི་གྲངས་འབོར་དང་། གསར་སྤེལ་བྱེད་ཚད། ཁེ་སྤོགས་བཅས་ཆུ་ཚན་ཁ་ཤང་དེ་ཉིད་རྫོང་དེ་གའི་ཨང་དང་པོར་སླེབས་ཡོད།

    ཆུ་ཚན་ཁ་ཤང་ལ་དྲོད་ཚད་དང་ཆུ་མང་ཉུང་མི་འདྲ་བའི་ཆུ་མིག་ཁྱོན་108ཡོད་པ་དང་། ཆུའི་དྲོད་ཚད་20℃ནས་80℃བར་ཡིན་ཞིང་། ཆུ་མིག་མི་འདྲ་བའི་ཕན་ནུས་ཀྱང་མི་འདྲ་བའི་ཁར། ས་བབ་སྨི་2300ལས་མེད་པས། ཆུ་ཚན་ལ་དགའ་པོ་བྱེད་མཁན་མང་པོའི་ཡིད་ཀྱི་བརྟན་པོ་འཕྲོག་ཡོད། གཞན་ཡང་སྨར་ཁམས་རྫོང་གི་རྨོག་ཤོད་ཤང་དང་། གྲུ་པ་རོང་ཤང་། རོང་སྨད་གྲོང་རྡལ་བཅས་སུའང་ཆུ་ཚན་ཡོད་པ་རེད།

    རི་བོ་ཆེ་རྫོང་གྲོང་ཁུལ་དང་ཐག་ཉེ་ལ་ཆུ་ཚན་མང་པོ་ཡོད་པར་བརྟེན། མི་མང་པོ་ཞིག་གི་འགྲོ་ས་ཡག་ཤོས་སུ་གྱུར་ཡོད། གཡས་རུ་ཆུ་ཚན་དང་། ལྗིག་སྟོད་ཤང་གི་ཆུ་ཚན། སྡིག་ཐའི་ཆུ་ཚན་སོགས་ས་གནས་དེ་གའི་སྲིད་གཞུང་གིས་སྟབས་བདེའི་གསར་སྤེལ་བྱས་ཞིང་། ལྷག་པར་དུ་གཡས་རུ་ཆུ་ཚན་དུ་ཆུ་མིག་བདུན་ཡོད་ལ་དྲོད་ཚད་28.6ནས་41℃བར་ཡིན། རི་བོ་ཆེ་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱིས་མཁོ་འདོན་བྱས་པའི་གྲངས་གཞི་ལས་མངོན་པར། གཡས་རུ་ཆུ་ཚན་གྱི་ཆུ་སྤུས་ཚད་གཞིའི་ཁྲོད་ཀྱི་ཀུའེ་སྐྱུར་དང་པོན་སྐྱུར་འདུས་ཚད་ལ་སྨན་བཅོས་ཀྱི་རིན་ཐང་ཆེན་པོ་ཡོད་པ་དང་། ལུམས་བཅོས་ཀྱི་རིན་ཐང་ཆེན་པོ་ཡོད་པས། ལུམས་བཅོས་དང་ཆབ་ཞུགས་སོགས་ལ་སྤྱོད་ཆོག་གི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།