དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ཀྱི་ལོ་གསར་རིང་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ཡོང་འབབ་ཁྱོན་སྒོར་དུང་ཕྱུར་1.83ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-02

    ཉེ་ཆར། གསར་འགོད་པས་ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ནས་ཤེས་རྟོགས་བྱས་པར། ལྷ་ས་གྲོང་ཁྱེར་གྱིས་བོད་ཀྱི་ལོ་གསར་རིང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་26.11ལ་སྣེ་ལེན་ཞུས་པ་དུས་མཚུངས་ལས་18.19%འཕར་བ་དང་ཡུལ་སྐོར་གྱི་ཡོང་འབབ་ཁྱོན་དུང་ཕྱུར་1.83ཟིན་པ་དུས་མཚུངས་ལས་17.31%འཕར་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་བོད་ཀྱི་ལོ་གསར་ཚེས་གཅིག་ཉིན“དོག་སྡེར་ལྷན་ཅིག་འཛོམས། བདེ་སྐྱིད་ལྡན་པའི་བོད་ཁྱིམ”ཞེས་པའི་བྱེད་སྒོ་སྤེལ་ཏེ། ཡུལ་སྐོར་བ་སྒྲིག་འཛུགས་ཀྱིས་བོད་ཀྱི་ཚྭ་ཚྭའི་རིག་གནས་འགྲེམས་སྟོན་ཁང་དུ་བསྐྱོད་དེ་བོད་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་གྱི་གོམས་སྲོལ་ཉམས་ལེན་བྱས་པ་དང་། ཚེས་གསུམ་ནས་ཚེས་ལྔ་ཉིན་བར་རྫོང་རྒྱབ་ཀླུ་ཁང་དུ་ལྷ་ས་གྲོང་ཁྱེར་རིག་གནས་ཅུས་དང་མཉམ་དུ་ཡུལ་སྐོར་རིག་གནས་གསར་གཏོད་ཁེ་ལས་ཀྱི“2023ལོའི་ལྷ་སའི་མངོན་མིན་རིག་གནས་ཤུལ་བཞག་གི་དངོས་རྫས་ལེགས་གྲས་འགྲེམས་སྟོན”བྱས་པ་དང་། སྲོལ་རྒྱུན་གྱི་སྤོས་བཟོ་རྩལ་དང་། ལྷ་མོའི་འབག་བཟོ་རྩལ། ཟངས་རྡུང་ལག་རྩལ་བཅས་མངོན་པར་བྱས་པ་སོགས་ཡུལ་སྐོར་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ཡུལ་སྐོར་ལས་རིགས་ཀྱིས་འཛད་སྤྱོད་ཁྲོམ་ར་འཕེལ་རྒྱས་གཏོང་བའི་སྐུལ་འདེད་ནུས་པ་གང་ལེགས་བཏོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།