དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ཀྱིས་ཀོང་ཏུང་དུ་རིག་གནས་དང་ཡུལ་སྐོར་རྣམ་གྲངས་11ལ་གན་རྒྱ་བཞག་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་68.43ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-02-28

    ཉེ་ཆར། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་2023ལོའི་བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་ཚོང་འགུགས་མ་འདྲེན་གྱི་ངོ་སྦྱོར་ཚོགས་འདུ་ཀོང་ཀྲོའུ་རུ་འཚོགས་པ་རེད། ཚོགས་འདུའི་ཐོག་བོད་ཀྱི་ཚོང་འགུགས་མ་འདྲེན་གྱི་ལས་དོན་མི་སྣས་ཀོང་ཏུང་ཞིང་ཆེན་གྱི་རིག་གནས་དང་ཡུལ་སྐོར་ཁེ་ལས་ཀྱི་འཐུས་མི་དང་ངོ་འཕྲད་གྲོས་མོལ་དང་སྦྲེལ་མཐུད་བྱས་ནས། རིག་གནས་དང་ཡུལ་སྐོར་རིགས་ཀྱི་རྣམ་གྲངས་11ལ་གན་རྒྱ་བཞག་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་68.43ཟིན་ཡོད་པ་རེད།

    ངོ་སྦྱོར་ཚོགས་འདུ་འཚོག་ཡུལ་དུ་བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་7གྱིས་རིག་གནས་དང་ཡུལ་སྐོར་གྱི་ཁྱད་ཆོས་དང་དེ་བཞིན་ཚོང་འགུགས་མ་འདྲེན་གྱི་སྲིད་ཇུས་འགྲེམས་སྟོན་བྱས་པ་དང་། ལས་ཁུངས་དང་ཁེ་ལས་བྱ་གཞག་ཚན་པ་13གྱིས་རྣམ་གྲངས་ངོ་སྦྱོར་བྱས་པ་རེད། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་དང་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་སོགས་ཀྱིས་བོད་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་འཆར་འགོད་དང་སྲིད་ཇུས་ངོ་སྦྱོར་བྱས་པ་དང་། ལྷ་མོ་འཁྲབ་སྟོན་གྱི་ཡུལ་སྐོར་དང་རིག་གནས་གྲོང་རྡལ་ཆུང་ངུ་སོགས་རིག་གནས་དང་ཡུལ་སྐོར་རྣམ་གྲངས་ངོ་སྤྲོད་བྱས་པ་རེད།

    “རིག་གནས་དང་ཡུལ་སྐོར་ལས་རིགས་ནི་བོད་ཀྱི་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ལྡན་པའི་ཐོན་ལས་ཤིག་རེད། མཁའ་འགྲུལ་དང་། ལྕགས་ལམ། རིམ་མཐོའི་གཞུང་ལམ་བཅས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་ཆབས་ཅིག མི་དེ་བས་མང་བ་བོད་དུ་ཡུལ་སྐོར་སྤྲོ་གསེང་དང་མ་འཇོག་ལས་དར་བྱེད་པར་ཡོང་གི་ཡོད” བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཀྲི་ཐའོ་ཡིས། ཀྲུང་དབྱང་གི་དམིགས་བསལ་རྒྱབ་སྐྱོར་དང་རང་ངོས་ཀྱི་ཁྱད་ཆོས་ལ་བརྟེན་ནས། བོད་ཀྱིས་ཁྲལ་བསྡུ་དང་། དངུལ་རྩ། ཐོན་ལས། ས་ཞིང་། ལས་ཞུགས་ལས་གཏོད་སྲིད་ཇུས་སོགས་ཐད་ནས་ཁེ་ལས་སྣ་ཚོགས་ལ་རྒྱབ་སྐྱོར་བྱས་ཏེ། ལྷག་བསམ་ཆེ་ཤོས་དང་འབད་བརྩོན་ཆེ་ཤོས་ཀྱི་སྒོ་ནས་མ་འཇོག་ཁེ་ལས་ལ་ཞབས་འདེགས་ཡག་པོ་ཞུ་གི་ཡིན་ཞེས་གསུངས་པ་རེད།

    ཀོང་ཏུང་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་དང་དབྱང་ཅང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཧྥོང་ལིང་གིས། ད་ཕན་ལོ་ཤས་རིང་ཀོང་ཏུང་གིས་བོད་དང་སྤེལ་རེས་མཉམ་ལས་བྱེད་ཟབ་ཏུ་གཏོང་བའི་གོམ་སྟབས་སྔར་བས་མགྱོགས་སུ་བཏང་ནས། ཀོང་ཏུང་གི་ཁེ་ལས་བོད་དུ་མ་འཇོག་ལས་དར་བྱེད་པར་འགྲོ་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་པ་དང་། ལག་རྩལ་དང་། མ་དངུལ། ཤེས་ལྡན་མི་སྣ་བཅས་ཐད་ཀྱི་ཀོང་ཏུང་ཁེ་ལས་ཀྱི་སྔོན་ཐོན་ལེགས་ཆ་གང་ལེགས་སྤྱོད་པ། བོད་ཀྱི་རིག་གནས་དང་ཡུལ་སྐོར་དང་། ས་མཐོའི་ཁྱད་ལྡན་ཐོན་རྫས་སོགས་ཐད་ཀྱི་ཐུན་མོང་མ་ཡིན་པའི་ལེགས་ཆ་སྔོག་འདོན་གཏིང་ཟབ་བྱེད་པ། ཀོང་ཏུང་ཁེ་ལས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། འཕེལ་རྒྱས་ཇུས་ཆེན་མཉམ་འགོད་དང་སྒྱུར་བཅོས་གྲུབ་འབྲས་མཉམ་སྤྱོད་བྱས་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།