དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • རང་ལྗོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གཞི་གཅིག་ཅན་གྱི་མཉམ་འགུལ་ཁྲིམས་སྒྱུར་ཁྲིམས་འཛིན་བྱེད་སྟངས་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-16

     སྐྱེ་ཁམས་ཁོར་ཡུག་སྡེ་ཚན་དང་ཁྲིམས་འཛིན་ལས་ཁུངས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འགལ་ཉེས་གསོག་ལ་ཐུན་མོང་ཐོག་རྡུང་རྡེག་གཏོང་བའི་ལས་ཀའི་མཉམ་ཤུགས་ཤིག་ཆགས་པར་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་གི་ཉེས་གསོག་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་པའི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་གཏོང་ཆེད། ཉེ་ཆར། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་། རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་བཅས་དང་མཉམ་འབྲེལ་ཐོག《སྐྱེ་ཁམས་ཁོར་ཡུག་སྲིད་འཛིན་ཁྲིམས་སྒྱུར་དང་ཉེས་དོན་ཁྲིམས་འཛིན་འབྲེལ་མཐུད་ལས་དོན་གྱི་བྱེད་ཐབས་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་ཞིབ་སྲོལ》(གཤམ་ལ《ལག་བསྟར་ཞིབ་སྲོལ》ཞེས་བསྡུ་རྒྱུ)བཏོན་པ་རེད།

    《ལག་བསྟར་ཞིབ་སྲོལ》ནང་། རིམ་ཁག་སྐྱེ་ཁམས་ཁོར་ཡུག་སྡེ་ཚན་གྱིས་སྐྱེ་ཁམས་ཁོར་ཡུག་གི་སྲིད་འཛིན་ཁྲིམས་སྒྱུར་བྱེད་ཤུགས་ཆེ་རུ་བཏང་ནས་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་སྣ་ཚོགས་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་ཁྲིམས་འགལ་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་རིང་རྒྱལ་ཁབ་ཀྱི་གཏན་འབེབས་ལས་འགལ་ཏེ་འཕྲོ་དངོས་རང་བཞིན་གྱི་སྙིགས་རོ་དང་། འགོ་ནད་ཀྱི་ནད་རྒྱུ་ལྡན་པའི་སྙིགས་རོ། དུག་ལྡན་དངོས་རྫས་སམ་ཡང་ན་གནོད་ལྡན་དངོས་རྫས་གཞན་བཅས་འབུད་གཏོང་དང་བཤོ་བའམ་ཡང་ན་ཐག་གཅོད་བྱེད་པ་དང་། ཉེན་ཆེའི་སྙིགས་རོ་གཉེར་སྐྱོང་གི་ཆོག་འཐུས་ལག་ཁྱེར་མེད་པར་ཉེན་ཆེའི་སྙིགས་རོ་བསྡུ་རུབ་དང་། གསོག་ཉར། བེད་སྤྱོད། ཐག་གཅོད་བཅས་བྱེད་པ། ཕར་ཕྱོགས་ལ་གཉེར་སྐྱོང་གི་ཆོག་འཐུས་ལག་ཁྱེར་མེད་པའམ་ཡང་ན་གཉེར་སྐྱོང་གི་ཆོག་འཐུས་ལག་ཁྱེར་གྱི་ཁྱབ་ཁོངས་ལས་བརྒལ་བ་ཤེས་བཞིན་དུ་དེར་ཉེན་ཆེའི་སྙིགས་རོ་བསྡུ་རུབ་དང་། གསོག་ཉར། བེད་སྤྱོད། ཐག་གཅོད་སོགས་བྱེད་དུ་འཇུག་པའམ་མངགས་བཅོལ་བཅས་བྱས་ཏེ་ཁོར་ཡུག་ལ་སྦགས་བཙོག་ཚབས་ཆེན་བཟོས་པ་ཤེས་རྟོགས་བྱུང་ཚེ། རིམ་པ་གཅིག་པའི་སྤྱི་བདེ་ལས་ཁུངས་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲོད་དགོས་པ་ལས། སྲིད་འཛིན་ཆད་གཅོད་ཀྱིས་ཉེས་དོན་ཆད་གཅོད་ཀྱི་ཚབ་བྱེད་མི་ཆོག་པ་དང་། སྐྱེ་ཁམས་ཁོར་ཡུག་སྡེ་ཚན་གྱིས་རྩིས་སྤྲད་པའི་སྐྱེ་ཁམས་ཁོར་ཡུག་དང་འབྲེལ་བའི་ཉེས་གསོག་ཁུངས་སྣེར་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་དང་ལེན་བྱས་ནས། གྱོད་དོན་ཐོ་འགོད་བྱེད་པའི་ཆ་རྐྱེན་དང་མཐུན་རིགས་ཁྲིམས་ལྟར་གྱོད་དོན་ཐོ་འགོད་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་དང་འབྲེལ་བའི་ཉེས་གསོག་ལ་སྔོན་ཚུད་ནས་བརྟག་དཔྱད་དཔང་ལེན་བྱེད་ཆོག ཞིབ་དཔྱོད་ལས་ཁུངས་ཀྱིས་སྐྱེ་ཁམས་ཁོར་ཡུག་དང་འབྲེལ་བའི་ཉེས་གསོག་གྱོད་གཞིར་ཁྲིམས་ལྟར་འཛིན་བཟུང་ཞིབ་བཤེར་དང་ཞིབ་བཤེར་ཁྲིམས་སྦྱོར་སོགས་ཀྱི་ལས་དོན་སྤེལ་ནས། དཀའ་གནད་ཆེ་ཞིང་རྙོག་འཛིང་ཆེ་བའི་གྱོད་གཞི་ཚབས་ཆེན་ལ་སྔོན་ཚུད་ནས་མྱུལ་ཞིབ་དཔང་ལེན་ཐད་ཁྲིད་སྟོན་བྱེད་ཆོག འདྲི་གཅོད་ལས་ཁུངས་ཀྱིས་སྐྱེ་ཁམས་ཁོར་ཡུག་དང་འབྲེལ་བའི་ཉེས་གསོག་གྱོད་གཞིར་ཁྲིམས་ལྟར་འདྲི་ཞིབ་བྱས་ནས། སྐྱེ་ཁམས་ཁོར་ཡུག་དང་འབྲེལ་བའི་ཉེས་གསོག་གྱོད་གཞི་སྔོན་ལ་སྒྲུབ་གཉེར་དང་མགྱོགས་མྱུར་སྒྲུབ་གཉེར་བྱེད་པའི་ལས་ཀའི་ལམ་སྲོལ་བཟོས་ཏེ། ཁྲིམས་ལྟར་རྒྱུ་ནོར་ཐད་ཁྲིམས་ཆད་སྤྱོད་ཤུགས་དང་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་ཁ་གསལ་བཏོན་ཡོད།

    《ལག་བསྟར་ཞིབ་སྲོལ》ནང་། རིམ་ཁག་སྐྱེ་ཁམས་ཁོར་ཡུག་སྡེ་ཚན་དང་། སྤྱི་བདེ་ལས་ཁུངས། ཞིབ་དཔྱོད་ལས་ཁུངས། འདྲི་གཅོད་ལས་ཁུངས་བཅས་ཀྱིས་གྱོད་གཞིའི་ཆ་འཕྲིན་མཉམ་སྤྱོད་ལམ་སྲོལ་བཟོས་ནས། འགན་འཁྲི་སྒྲུབ་རིང་རང་འགུལ་ངང་ཚོད་འཛིན་ལྟ་སྐུལ་དང་ལེན་བྱེད་དགོས་པ་ཁ་གསལ་བཏོན་ཡོད།

    “《ལག་བསྟར་ཞིབ་སྲོལ》འདི་བཏོན་པ་དེས་ཞིབ་དཔྱོད་ལས་ཁུངས་དང་། འདྲི་གཅོད་ལས་ཁུངས། སྤྱི་བདེ་ལས་ཁུངས། སྐྱེ་ཁམས་ཁོར་ཡུག་སྡེ་ཚན་བཅས་མཉམ་དུ་གཞི་གཅིག་ཅན་གྱི་མཉམ་འགུལ་ཁྲིམས་སྒྱུར་ཁྲིམས་འཛིན་བྱེད་སྟངས་གཏོད་རྒྱུར་སྐུལ་འདེད་བཏང་ནས། ཁོར་ཡུག་སྦགས་བཙོག་ཉེས་གསོག་གི‘ཕྱོགས་ཡོངས་ནས་རྡུང་རྡེག་དང་། བརྒྱུད་རིམ་ཧྲིལ་པོར་ཤུགས་འདོན། བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ’བཅས་མངོན་འགྱུར་ཐུབ་ཡོད”རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་པུའུ་དང་པོའི་འགན་འཁུར་བས། གོམ་སྟབས་རྗེས་མར་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་བཅའ་ཁྲིམས་ལྟ་སྐུལ་གྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས། གྱོད་གཞི་ཆེ་གྲས་ལ་གྲོས་མོལ་དང་སྒྲུབ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཧུར་ཐག་གཏོད་པར་ཁྲིམས་སྐྱོང་གི་འགན་ལེན་བྱེད་ཀྱི་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།