དགུན་དུས་བོད་དུ་ཡུལ་སྐོར་བྱེད།
རང་ལྗོངས་ཀྱིས་2023ལོའི་ཟླ་1ཚེས་1ནས་ཟླ་3ཚེས་15ཉིན་བར“དགུན་དུས་བོད་དུ་ཡུལ་སྐོར་བྱེད”པའི་ཁྲོམ་རར་སྐུལ་གཏོང་གི་བྱ་དགའ(ཁ་གསབ)སྤྲོད་པའི་གཟིགས་སྐྱོང་སྲིད་ཇུས་རེས་སྐོར་ལྔ་པ་ལག་བསྟར་བྱས་ཤིང་། དེའི་རིང་ཡུལ་སྐོར་བས་གཟིགས་སྐྱོང་རྣམ་གྲངས་མང་པོ་ཞིག་ལོངས་སུ་སྤྱད་ཆོག་པ་ལས། ཕོ་བྲང་པོ་ཏ་ལ་ཚུད་པའི་མཛེས་ལྗོངས་ཁུལ་མང་པོ་ཞིག་སྤ་སེ་ཉོ་མི་དགོས་པར་ཡུལ་སྐོར་བར་སྒོ་འབྱེད་ཀྱི་ཡོད། འདི་ནི་ཡུལ་སྐོར་བས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་དྲན་རྟེན་པར་རྒྱག་བཞིན་པ།