དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • སྐྱེ་ཁམས་བཟང་པོ་འཕེལ་རྒྱས་ཀྱི་རྨང་གཞིར་གྱུར་པར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཧྲེན་ལིན།   |     སྤེལ་དུས།  2023-02-04

    “ས་བབ་མཐོ་ཚད་སྨི་4500ལྷག་ཙམ་ཡོད་པའི་ང་ཚོའི་ཁུལ་དུའང་ད་ཆ་ལྗོན་ཤིང་སྐྱེ་ཡོང་སྙམ་པ་བསམ་པའི་ཡུལ་དུ་མེད”ལོ་30ལ་སླེབས་པའི་བློ་བཟང་གིས་དྲོད་ཁང་ཆེ་མོའི་ནང་མཐོ་ཚད་སྨི་1ལྷག་ཙམ་ཡོད་པའི་རྒྱ་ལྕང་སྡོང་ཕྲུག་ལ་ཆུ་གཏོང་བཞིན“རྒྱ་ལྕང་དེ་དག་བཏབ་ནས་ལོ་གཉིས་ཀྱང་འགྲོ་ཡི་མེད། དྲོད་ཁང་ཕྱིར་བཏབ་ན་གསོན་མི་ཐུབ། ལོ་གཅིག་ནས་ཕྱིར་རྩྭ་སྤོས་རྒྱག་ཆོག”ཅེས་བརྗོད་བྱུང་། བོད་ལྗོངས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་གྲོང་མི་བློ་བཟང་ན་ནིང་གྲོང་ཁྱེར་ནགས་ཚལ་རྩྭ་ཐང་ཅུས་ཀྱི་སྡོང་ཕྲུག་རྟེན་གཞིར་ལས་ཀར་བསྡུས་ཡོད།

    མཚོ་བོད་ས་མཐོའི་ས་ཁུལ་མང་ཆེ་བའི་མཐོ་ཚད་སྨི་4000ལས་བརྒལ་བས“སའི་གོ་ལའི་སྣེ་གསུམ་པ”ཞེས་འབོད་ཅིང་། 2021ལོའི་ཟླ་7པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས“བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་དུ་འཇོག་པ་དང་འབྱུང་འཕྲོད་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཧུར་ཐག་བསྐྲུན་ནས་སའི་གོ་ལའི་སྣེ་གསུམ་པའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་དགོས”ཞེས་གསུངས་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བཅངས་ནས་བོད་ཀྱི་ས་གནས་ཁག་གིས་ནགས་བཟོ་སྔོ་འགྱུར་དང་བྱེ་འགོག་བྱེ་བཅོས་འདུ་འགོད་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་ཆ་རྐྱེན་འཛོམས་པའི་རི་རྒོད་དང་ཐང་རྒོད་དུ་ཤིང་འཛུགས་ནགས་བཟོ་བྱས་ཏེ་སྐྱེ་ཁམས་བཟང་པོ་ཡོང་བ་བྱ་རྒྱུ་དེ་ཀུན་ཕན་གྱི་དམངས་འཚོའི་བདེ་རྩ་དང་བཀྲག་མདངས་འཚེར་ཤོས་ཀྱི་འཕེལ་རྒྱས་ཀྱི་རྨང་གཞིར་གྱུར་ཡོད།

    རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་35ལྷག་ཙམ་ཡོད་པའི་ནག་ཆུ་གྲོང་ཁྱེར་གྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཡན་ཡིན་པས། ལྗོན་ཤིང་སྐྱེ་བའི་དུས་འཁོར་ཟླ་གསུམ་ལས་མེད་པ་དང་ས་ཆ་མང་ཆེ་བར་ལྗོན་ཤིང་གསོན་ཁག་པོ་ཡོད། ད་ཕན་ལོ་ཤས་རིང་བོད་ཀྱིས་ཚན་རྩལ་པུའུ་དང་མཉམ་དུ་ནག་ཆུར་གྲོང་ཁྱེར་དང་གྲོང་རྡལ་དུ་ཤིང་འཛུགས་ཀྱི་འགག་རྩའི་ལག་རྩལ་ཞིབ་སྤེལ་དང་སྔོ་འགྱུར་བྱེད་ཐབས་ཀྱི་ཚོད་ལྟའི་རྣམ་གྲངས་སྒྲིག་འཛུགས་དང་ལག་བསྟར་བྱས་པ་མ་ཟད། སྣེ་འདྲེན་ཁེ་ལས་ཀྱིས་ཚན་ཞིབ་ཚན་པ་མང་པོ་དང་མཉམ་དུ་འགག་སྒྲོལ་བྱས་ཏེ་མཚོ་སྔོན་གྱི་གསོམ་ཤིང་དང་། མདོ་ལའི་ཤུག་པ། རྒྱ་ལྕང་སོགས་ལྗོན་ཤིང་སྣ་ཁ་8གྲུབ་འབྲས་ཐོབ་པའི་ངང་འདེམས་གསོ་བྱས་པ་དང་རིམ་རྩིས་བྱས་ན་ལྗོན་ཤིང་རྐང་ཁྲི་40ལྷག་ཙམ་བཏབ་པས་ལྗོན་ཤིང་རྐང་ཁྲི་30ལྷག་ཙམ་གསོན་ཡོད།

    ད་ཕན་ལོ་ཤས་རིང་། བོད་ཀྱིས་རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་སྤྱི་འདོམས་བྱས་ནས་སའི་གོ་ལའི་སྣེ་གསུམ་པའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱས་ཡོད། བོད་ཤར་ལྷོར་ཆུ་རྩྭ་ཕུན་སུམ་ཚོགས་ཤིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཡར་ཀླུང་གཙང་པོ་དང་ཉང་ཆུ་གཙང་པོ་སོགས་གཙང་པོ་རྒྱུག་ཁུལ་གཙོ་བོར་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་དང་ས་ཆུ་ཤོར་བ་འགོག་བཅོས་ཀྱི་ལས་དོན་སྤེལ་ཏེ་ཆུའི་ཐོན་ཁུངས་ཀྱི་གཅུན་སྡོམ་ལམ་ལུགས་མགྱོགས་མྱུར་བཙུགས་ཡོད། བོད་བྱང་ཐང་དུ་རིམ་ཁག་སྡེ་ཚན་ཁག་གིས་སྐྱས་སྤོས་རྩྭ་གསོ་དང་རྩྭ་འདེབས་ལ་མུ་མཐུད་སྐུལ་འདེད་བཏང་བས། རྩྭ་ཐང་གི་སྔོ་ཁེབས་རྒྱ་ཁྱོན་ལོ་རེ་བཞིན་ཆེ་རུ་ཕྱིན་ཡོད། བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་ད་དུང་དོ་དམ་སྒྲིག་གཞིའི་ལམ་སྲོལ་སྒྱུར་བཅོས་ཐད་དྲ་མིག་ཅན་གྱི་སྲུང་སྐྱོང་ཁྱབ་གདལ་བཏང་ཡོད།

    མིག་སྔར། བོད་དུ་རང་བྱུང་སྲུང་སྐྱོང་ཁུལ་ཁག་47བཙུགས་ཡོད་པས་80%ཡན་གྱི་རྩ་ཆེའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་དང་དཔེ་སྟོན་སྐྱེ་ཁམས་མ་ལག་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད། རང་སྐྱོང་ལྗོངས་ཡོངས་སུ་ད་ཆ་ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང་ཁྲི་1491ཡོད་ལ་ནགས་ཚལ་ཁྱབ་ཚད་ཀྱང་12.3%ཟིན་པ་དང་རྩྭ་ཐང་དུ་སྔོ་ཁེབས་ཁྱབ་ཚད་47%ཡན་ཟིན་ཡོད། གཙང་པོ་དང་མཚོ་གཙོ་བོའི་ཆུ་སྤུས་ལེགས་པའི་རྣམ་པ་རྒྱུན་འཁྱོངས་ཐུབ་པ་དང་ས་ཁུལ་རིམ་པའི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99%ཡན་ཟིན་ཡོད།

    2023ལོར་བོད་ཀྱིས་ནགས་གསོ་མུའུ་ཁྲི་120ཡན་བྱས་ནས་རྩྭ་ཐང་ཞན་འགྱུར་མུའུ་ཁྲི་500ཡན་སླར་གསོ་བཅོས་སྒྲིག་བྱ་རྒྱུ་དང་ཆབས་ཅིག གཞི་རིམ་གྱི་སྐྱེ་ཁམས་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་སྔར་བས་གསབ་ནས་ལྷ་ས་དང་། གཞིས་རྩེ། ལྷོ་ཁ་བཅས“སྦགས་བཙོག་མེད་པའི་གྲོང་ཁྱེར”བསྐྲུན་པར་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་རེད།

    སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་མུ་མཐུད་སྐུལ་འདེད་གཏོང་ཆེད། ན་ནིང་ཟླ་11པར་ཁྱབ་བསྒྲཌ་བྱས་པའི《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད(2021ལོ་ནས་2035ལོ་བར)》ནང་། སྲུང་སྐྱོང་སྔོན་ལ་འཇོག་པ་དང་རང་བྱུང་སླར་གསོ་གཙོ་བོར་བྱེད་པའི་བསམ་ཕྱོགས་ལྟར་གཏན་ལ་འཁེལ་བའི་སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་གིས་རང་སྐྱོང་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་50%ཡན་བཟུང་དགོས་པ་ཁ་གསལ་བཏོན་ཡོད། “བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཧུར་ཐག་བཏོད་ནས། སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པར་འབད་བརྩོན་བྱ་རྒྱུ་ཡིན”ཞེས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་དེ་ལྟར་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།