དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ལྟ་ཞིབ་ཚད་ལེན་ནུས་པ་ཆེ་རུ་བཏང་། རི་སྔོན་ ཆུ་དྭངས་སྐྱེ་ཁམས་སྲུང་སྐྱོང་བྱས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-25

    སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་རྨང་གཞི་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་འདེགས་སྐྱོར་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་རྨང་གཞི་གལ་ཆེན་དང་ལག་རྩལ་འདེགས་སྐྱོར་གྱི་ནུས་པ་ཏན་ཏིག་བཏོན་ནས། སྐྱེ་ཁམས་ཤེས་དཔལ་འཛུཌ་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་བ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། 2022ལོའི་ལྟ་ཞིབ་ཚད་ལེན་བྱས་འབྲས་གསར་ཤོས་ལ་གཞིགས་ན། རང་ལྗོངས་ཀྱི་ས་ཁུལ་རིམ་པ་དང་དེ་བཞིན་དེ་ཡན་གྱི་གྲོང་ཁྱེར་གྱི་གཅིག་སྡུད་རྣམ་པའི་འཚོ་བའི་འཐུང་ཆུའི་ཆུ་འགོའི་ཆུ་སྤུས་ས་ངོས་ཀྱི་ཆུའམ་ས་འོག་ཆུའི་རིམ་པ་Ⅲགྱི་ཚད་གཞིར་སླེབས་པ་དང་། གྲོང་ཁྱེར་དང་ས་ཁུལ་བདུན་གྱི་ཆ་སྙོམས་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་གྲངས་99%ཡན་ཟིན་ཡོད་པ་རེད།

    རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱིས་གསར་གཏོད་ལ་ཚད་བརྒལ་ཡོང་བར་བྱེད་པ་ལས་དོན་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་འབྱུང་རྩར་མཐའ་འཁྱོངས་བརྩིས་ནས་དཀའ་ངལ་སྣ་ཚོགས་ཁྱད་བསད་དང་། ལྟ་ཞིབ་ཚད་ལེན་གྱི་ཁྱབ་ཁོངས་རྒྱ་སྐྱེད་དང་། ལྟ་ཞིབ་ཚད་ལེན་གྱི་ལས་དོན་གསར་གཏོད་ཀྱིས་སྤེལ་ཞིང་། གཙོ་གནད་གྲོང་ཁུལ་གྱི་བསང་གསོལ་གྱིས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པར་དབྱེ་ཞིབ་ཞིབ་འཇུག་དང་། ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་རྣམ་གྲངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་གཞི་རྩར་ལྟ་ཞིབ་ཚད་ལེན་ཐེངས་དང་པོ་བྱས་པ་དང་། འབྲི་ཆུའི་ཆུ་འགོ་སྐུ་ལྷ་དར་གདོང་དང་ཇོ་མོ་གླང་མའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རོང་ཕུ་གཙང་པོ། མངའ་རིས་ས་ཁུལ་གྱི་རླུང་ཁམས་ཆེན་པོའི་དྲི་ངན་དབྱང་རླུང་སོགས་ལ་ཆེད་དོན་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན་ཐེངས་དང་པོ་བྱས་པ་རེད། དེ་དང་ཆབས་ཅིག ལྗོངས་ཡོངས་ཀྱི་རྫོང་རིམ་པ་ཡན་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོ་ཁུལ་130ལ་ལྟ་ཞིབ་ཚད་ལེན་དང་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ཀྱིས་ལྟ་སྐུལ་ཚོད་འཛིན་བྱེད་པའི་སྦགས་བཙོག་འབྱུང་ཁུངས་གཙོ་བོར་ལྟ་སྐུལ་རང་བཞིན་གྱི་ལྟ་ཞིབ་ཚད་ལེན་སོགས་ཀྱི་ལས་དོན་རང་འགུལ་ངང་སྤེལ་ཏེ། མང་ཚོགས་ཀྱི་འཐུང་ཆུ་དང་འཚོ་བའི་ཁོར་ཡུག་ལ་བདེ་འཇགས་འགན་ལེན་ནུས་ལྡན་བྱས་ནས་མང་ཚོགས་བློ་བདེའི་ངང་འཚོ་བ་སྐྱེལ་དུ་བཅུག་ཡོད།

    2021ལོར་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱིས་ཀྲུང་གོ་ཚན་རིག་ཁང་མཚོ་བོད་སུའོ་དང་། ཧོ་ཧའེ་སློབ་ཆེན། ཀྲུང་གོའི་ཁོར་ཡུག་ལྟ་ཞིབ་ཚད་ལེན་སྤྱི་ཁྱབ་ས་ཚིགས་བཅས་དང་། ཧྲང་ཧའེ་དང་། ཅང་སུའུ། ཅང་ཞི་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་སོགས་ཀྱི་ཚན་པ་དང་མཉམ་འབྲེལ་བྱས་ནས་སྐུ་ལྷ་དར་གདོང་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ཚོགས་ཆུང་བཙུགས་ཏེ། སྐུ་ལྷ་དར་གདོང་སྤྱང་རྒན་ལྟེ་རུ་འཁྱག་རོམ་དང་གངས་བརྒྱ་མཆོད་པའི་འཁྱག་རོམ་གྱི་ཆུ་བྲི་བའི་དུས་དང་། ཆུ་རྒྱས་པའི་དུས། ཆུ་སྙོམས་པའི་དུས་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ཆེད་དོན་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན་ཐོག་མར་ལེགས་གྲུབ་བྱུང་ནས། འབྲི་ཆུའི་ཆུ་འགོ་དང་ཐ་ན་དབུས་སྨད་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ཀྱི་གདེང་འཇོག་དང་སྲུང་སྐྱོང་ཉམས་གསོར་རྒྱབ་ལྗོངས་གྲངས་ཐང་གི་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད་པ་རེད།

    ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས། རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱིས་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་བྱེད་ནུས་ཆེ་རུ་གཏོང་བའི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་ཏུ་མཐའ་འཁྱོངས་བརྩིས་ནས། ཅང་སུའུ་དང་། ཅང་ཞི། ལིའོ་ཉིང་སོགས་ཀྱི་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་རིགས་གཅིག་མཁས་པ་གདན་དྲངས་ནས་གཙོ་གནད་ལྟ་ཞིབ་ཚད་ལེན་གྱི་ལས་སྒོའི་མཉམ་ལས་སྤེལ་རེས་བྱས་པ་དང་། ཧྲང་ཧའེ་གྲོང་ཁྱེར་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་དང“ཏང་འཛུགས་སྐྱོང་དང་ལག་རྩལ་ཟུང་འབྲེལ”གྱི་མཉམ་ལས་མཉམ་སྐྲུན་སྒྲོམ་གཞིའི་གྲོས་མཐུན་བཞག་པ་དང་། ཅང་ཤིས་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་དང“ཏང་འཛུགས་སྐྱོང་+”མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག་པ། ཀྲུང་གོ་ཚན་རིག་ཁང་མཚོ་བོད་སུའོ་དང་མཉམ་དུ“སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་མཉམ་འབྲེལ་ཚོད་ལྟ་ཁང”བཙུགས་པ། བོད་ལྗོངས་ལག་ཤེས་སློབ་གླིང་དང“ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་ཤེས་ལྡན་པའི་གསོ་སྦྱོང་རྟེན་གཞི”བསྐྲུན་པ་བཅས་བྱས་ནས་འཕེལ་རྒྱས་ཀྱི་ངོ་བོ་ཉིད་ཀྱི་སྒུལ་ཤུགས་འཕེལ་བར་བྱས་པ་རེད།

    རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་གོང་འོག་ཚང་མས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། 2022ལོར་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས“ཀྲུང་གོའི་སྐྱེ་ཁམས་ཤེས་དཔལ་གྱི་བྱ་དགའ་སྐབས་གསུམ་པར”སྔོན་ཐོན་མཉམ་སྡེབ་ལ་བདམས་པ་རེད།

    སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་རྒྱང་ལམ་གསར་པར་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱིས་མུ་མཐུད་གསར་གཏོད་སྲོལ་འབྱེད་དང་འབད་འབུངས་ཡར་བརྩོན་གྱིས་དཔེ་སྟོན་སྣེ་ཁྲིད་དང་ལག་རྩལ་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་བཏོན་ནས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་བཏོད་པ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་གངས་ལྗོངས་ས་མཐོའི་རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོང་ཡག་པོ་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་སྐྲུན་པ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་ཆེད་འབད་བརྩོན་དེ་བས་ཆེ་བ་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།