དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • རིག་གནས་ཡུལ་སྐོར་མེ་ཏོག་བཞད། སྙན་པའི་འགྱུར་ཁུག་ཕྱོགས་བཞིར་ཁྱབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-12-19

    2022ལོར་སྟོད་ལུང་བདེ་ཆེན་ཆུས་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་མཐའ་འཁྱོངས་བྱས་ནས། “དོན་ཆེན་བཞི”དང་། “འགན་ལེན་བཞི”“འཛུགས་གཏོད་བཞི”“མདུན་གྲལ་དུ་སླེབས་པ་བཞི”“གདོང་དམག་བདུན”ཡག་པོ་བྱེད་པ་བཅས་ཀྱི་བླང་བྱར་དམིགས་ཏེ། ཐབས་མང་མཉམ་སྤྱོད་ཀྱིས་རིག་གནས་བྱ་གཞག་དང་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

    “ཕྲུ་གུ་སྒྲ་སྙན་ལ་ཧ་ཅང་དགའ་པོ་ཡོད་པས་སྒྲ་སྙན་གསོ་སྦྱོང་འཛིན་གྲྭར་མིང་ཐོ་བཀོད་ནས་སློབ་གསེང་ལ་ཕྲུ་གུར་ལག་རྩལ་སྣ་གཅིག་སྦྱོང་དུ་བཅུག་པ་ཡིན”ཞེས་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ཁྲོམ་གཞུང་གི་གྲོང་མི་བདེ་སྐྱིད་ཀྱིས་བཤད།

    2022ལོར་སྟོད་ལུང་བདེ་ཆེན་ཆུས་ཀྱིས་སྤྱི་པའི་རིག་གནས་སློབ་ཡོན་མེད་པར་མཐའ་འཁྱོངས་སློབ་བཞིན་ཡོད། རིག་གནས་བྱེད་སྒོའི་ལྟེ་གནས་ལ་བརྟེན་ནས་ནང་མ་སྟོད་གཞས་དང་། སྒྲ་སྙན། གཟུགས་བྱད་གསོ་སྦྱོང་སོགས་གསོ་སྦྱོང་འཛིན་གྲྭའི་རྨང་གཞིའི་ཐོག་མང་ཚོགས་ཀྱི་དགོས་མཁོར་གཞིགས་ཏེ་རང་འགུལ་ངང་རོལ་ཆ་ཡང་ཆིན་དང་གླིང་བུའི་འཛིན་གྲྭ་བཀོད་སྒྲིག་བྱས་ཡོད། རིགས་ཁག་གི་གསོ་སྦྱོང་འཛིན་གྲྭར་ཁྱོན་སློབ་མ་300ལྷག་ཙམ་ཟིན་པ་དང་། གློག་རྡུལ་དཔེ་ཁང་གཟའ་འཁོར་རེར་རིན་མི་དགོས་པར་སྒོ་འབྱེད་པའི་དུས་ཡུན་ཆུ་ཚོད་56ཟིན་པ། རིག་གནས་བྱེད་སྒོ་ལྟེ་གནས་ཀྱིས་རིམ་རྩིས་བྱས་ན་བྱེད་སྒོ་ཐེངས་109སྤེལ་བར་ལྟ་མཁན་མི་ཐེངས་ཁྲི་1ལྷག་ཙམ་ཟིན་པ། གྲོང་རྡལ(ཁྲོམ་གཞུང)ཁག་གི་རིག་གནས་ས་ཚིགས་སུ་རིམ་རྩིས་བྱས་ན་བྱེད་སྒོ་ཐེངས་68སྤེལ་བར་ལྟ་མཁན་མི་ཐེངས་ཁྲི་1.7ལྷག་ཙམ་ཟིན་པ་བཅས་སྤྱི་པའི་རིག་གནས་ཞབས་ཞུའི་ཆ་སྙོམས་ཅན་ལ་སྐུལ་འདེད་བཏང་ཡོད། རིག་གནས་བྱེད་སྒོ་ལྟེ་གནས་ཀྱི་དར་མའི་སློབ་ཡོན་མེད་པའི་གསོ་སྦྱོང་འཛིན་གྲྭར་སྔོན་ཐོན་ཉམས་མྱོང་མུ་མཐུད་ཁྱབ་གདལ་བཏང་སྟེ་གསོ་སྦྱོང་འཛིན་གྲྭ་གྲོང་རྡལ(ཁྲོམ་གཞུང)6ལ་ཁྱབ་གདལ་གཏོང་བར་སྐུལ་འདེད་གཏིང་ཟབ་བཏང་ནས། སྟོད་ལུང་བདེ་ཆེན་ཆུས་འབྲོག་མ་གྲོང་ཚོའི་རིག་གནས་ཁང་དུ་དར་མའི་སྒྲ་སྙན་གསོ་སྦྱོང་འཛིན་གྲྭའི་ཚོད་ལྟའི་ལས་དོན་སྤེལ་ནས་རིམ་རྩིས་བྱས་ན་སློབ་མ་22བསྡུས་ཡོད།

    “བྱེད་སྒོ་འདི་ལྟ་བུ་ལས་ང་ཚོས་ལྷ་མོའི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་ཐུབ་པ་མ་ཟད། ང་ཚོས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་བཅངས་པའི་མོས་སེམས་དང་ཀྲུང་ཧྭ་མི་རིགས་ཀྱི་སྤོབས་སེམས་ཆེ་རུ་ཕྱིན་སོང་། དུས་རབས་གསར་པའི་སློབ་ཆུང་སློབ་མ་ཞིག་གི་ངོས་ནས་བརྗོད་ན། ང་ཚོས་ཕུལ་བྱུང་གི་སྲོལ་རྒྱུན་གྱི་མི་རིགས་རིག་གནས་དར་སྤེལ་དང་ཁྲང་ཞིའི་རིག་གནས་སྒྱུ་རྩལ་རྒྱུན་འཛིན་བྱ་ཆེད་འབད་བརྩོན་བྱེད་དགོས”ཞེས་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ལྟེ་བའི་སློབ་ཆུང་གི་སློབ་མ་སྤེན་སྒྲོལ་གྱིས་བཤད།

    “ང་ནི་2017ལོར་རྒུ་རུམ་གྲོང་རྡལ་ནས་འབྲོག་མ་གྲོང་ཚོའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་དུ་གནས་སྤོས་བྱས་པ་ཡིན། བདེ་སྐྱིད་བོད་ཁྱིམ་སྤུས་རྟགས་ཀྱི་ལེགས་ཆར་བརྟེན་ནས་ཁྱིམ་ཚང་མགྲོན་ཁང་གཉེར་སྐྱོང་བྱས་པ་ཡིན། ཡུལ་སྐོར་བ་མང་བའི་དུས་སུ་ཁང་པ་འདང་གི་མེད་ལ་ལོ་མཇུག་ཏུ་ད་དུང་དམངས་སྲོལ་གནས་ཚང་གི་བགོ་འགྲེམས་སྒོར་ཁྲི་གཅིག་ལྷག་ཙམ་ཡོད། ད་ཆ་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་འགྲོ་བཞིན་འདུག”ཅེས་གྲོང་མི་ཉི་མ་བཀྲ་དར་གྱིས་བཤད།

    2022ལོར་སྟོད་ལུང་བདེ་ཆེན་ཆུས་ཀྱིས་གྲོང་གསེབ་ཀྱི་ཡུལ་སྐོར་དབྱར་མཚོ་རྒྱས་པ་ལྟ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་གནས་སྤོས་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱས་ཡོད། བདེ་སྐྱིད་བོད་ཁྱིམ་ཡུལ་སྐོར་དམངས་སྲོལ་གྲོང་ཚོས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་1.2ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་ཁྲི་114བྱུང་བ་དང་། ཞང་ཞུང་མེ་ཏོག་མཛེས་ལྗོངས་ཁུལ་གྱིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་2.8ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་ཁྲི་388.98བྱུང་བ། ཆུ་བཟང་ཆུ་ཚན་གྱིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་3.1ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་ཁྲི་126.3བྱུང་བ། ཟླ་5པ་ནས་བཟུང་གླིང་ཁའི་དཔལ་འབྱོར་རིམ་བཞིན་གཉེར་སྐྱོང་བྱས་པ་དང་། ལྗོངས་ཡོངས་སུ་གླིང་ཁ་གཏོང་ས་དང་སྤྲོ་གསེང་ཁུལ་57ཡོད་པས་རིམ་རྩིས་བྱས་ན་མི་ཐེངས་ཁྲི་4.5ལ་སྣེ་ལེན་ཞུས་པར་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་232.82བྱུང་ཡོད།

    གཞན་ཡང་སྟོད་ལུང་བདེ་ཆེན་ཆུས་ཀྱིས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད། མཚུར་ཕུ་ལུང་ཤུར་མཛེས་ལྗོངས་ཁུལ་གྱི་འཛུགས་སྐྲུན་རྣམ་གྲངས་མིག་སྔར་ལས་གྲྭའི་སྤྱིའི་གཞི་ཁྱོན་གྱི་89%ལེགས་གྲུབ་ཟིན་པ་དང་། གཡུ་ཐོག་རོང་མཛེས་ལྗོངས་ཁུལ་གྱི་འཛུགས་སྐྲུན་རྣམ་གྲངས་མིག་སྔར་ལས་གྲྭའི་སྤྱིའི་གཞི་ཁྱོན་གྱི་90%ལེགས་གྲུབ་ཟིན་པ། བདེ་ཆེན་གྲོང་རྡལ་ཆུ་བཟང་གྲོང་ཚོའི་གྲོང་གསེབ་ཀྱི་ཡུལ་སྐོར་དམངས་སྲོལ་གནས་ཚང་འཛུགས་སྐྲུན་རྣམ་གྲངས་ལ་མིག་སྔར་རགས་རྩིས་ཀྱི་མཆན་འགོད་བཀའ་ལན་ཐོབ་པ། “ཞང་ཞུང་མེ་ཏོག་གླིང་ཁུལ”གྱི་ཡུལ་སྐོར་གསང་སྤྱོད་འཛུགས་སྐྲུན་རྣམ་གྲངས་མིག་སྔར་སྔོན་འགྲོའི་འགྲོ་ལུགས་གཉེར་བ་དང་ལག་བསྟར་ཇུས་གཞི་བཟོས་ཟིན་པ་རེད།

    གོ་རིམ་ལྡན་པའི་སྒོ་ནས“ས་གནས་དེ་གའི་ཡུལ་སྐོར”གྱི་སྲིད་ཇུས་ལག་བསྟར་བྱས་ཡོད། མཛེས་ལྗོངས་ཁུལ་དང་དམངས་སྲོལ་གནས་ཚང་རྩེ་གྲ་སོགས་སྒྲིག་འཛུགས་བྱས་ནས་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་དང་། རོལ་རྩེད་གླིང་། ཆུ་ཚན་མགྲོན་ཁང་། ཞག་སྡོད་བཟའ་བཏུང་། གླིང་ཁའི་གུར་སོགས“ས་གནས་དེ་གའི་ཡུལ་སྐོར”གྱི་འཛད་སྤྱོད་ཐོན་རྫས་བཏོན་པ་དང་འབྲེལ། ལས་སྟེགས་ཁག་གིས་བཏོན་པའི་འཛད་སྤྱོད་འཛིན་ཤོག་སྤྲོད་པའི་བྱེད་སྒོར་ཞུགས་རྒྱུའི་འོས་སྦྱོར་བྱས་པ་དང་། ཁྱད་ལྡན་རིག་གནས་ཡུལ་སྐོར་ཁེ་ལས་སྒྲིག་འཛུགས་བྱས་ནས“གཡུ་ཐོག་རིག་གནས་ཡུལ་སྐོར་དུས་ཚིགས”ཀྱི་འོས་སྦྱོར་བྱེད་སྒོ་དང་། འཛད་སྤྱོད་འཛིན་ཤོག་སྤྲོད་པའི་བྱེད་སྒོ“ལྷ་སའི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་དུས་ཚིགས། མཛེས་སྡུག་ལྡན་པའི་གྲོང་གསེབ་ཡུལ་སྐོར”གྱི་འོས་སྦྱོར་བྱེད་སྒོར་ཞུགས་ཏེ་ཐོན་རྫས་ཉམས་ལེན་རྣམ་པའི་ཞབས་འདེགས་ལ་བརྟེན་ནས་ས་གནས་དེ་གའི་ཁྱད་ལྡན་ཐོན་ཁུངས་འོས་སྦྱོར་བྱས་ཡོད། ཞང་ཞུང་མེ་ཏོག་མཛེས་ལྗོངས་ཁུལ་གྱི“མཚན་མོའི་གློག་འོད་འགྲེམས་སྟོན”ལ་རོགས་རམ་དང་མཛུབ་ཁྲིད་བྱས་ཏེ། ཁྲོམ་གཞུང་གི་རྣམ་པས་ཡུལ་སྐོར་བའི་ཡིད་དབང་འགུག་ཐབས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།