དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ལྗོངས་ས་མཐོའི་ཁུལ་གྱི་ནུས་མང་གཡོས་སྦྱོར་ཐབ་ཆས་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2022-11-30

    གསར་འགོད་པར་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཐིང་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། བོད་ལྗོངས་ཧྲང་ཁྲུའུ་ཐབ་ཆས་ཚན་རྩལ་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་བོད་ལྗོངས་ས་མཐོ་ཁུལ་གྱི་ནུས་མང་གཡོས་སྦྱོར་ཐབ་ཆས་དངོས་སུ་སྤྱོད་འགོ་ཚུགས་ཤིང་། དེ་ནི་གཙོ་བོ་བཙའ་མི་རྒྱག་པའི་ངར་ལྕགས་དང་ཐའེ་འདྲེས་ལྕགས་རྒྱུ་ལས་གྲུབ་པའི་རླངས་བཙོ་དང་གཡོ་སྐོལ་སོགས་ནུས་པ་སྣ་ཚོགས་ལྡན་པའི་ས་མཐོའི་སྣོད་ཆས་ཤིག་ཡིན་པ་རེད། སྔོན་དཔག་བྱས་ན་འདི་ལོའི་ཟླ་12པའི་ཟླ་མཇུག་ཏུ་ས་མཐོའི་དབུགས་གནོན་སྣོད་ཆས་50000ཐོན་སྐྱེད་བྱས་ནས་ལྷ་ས་དང་། གཞིས་རྩེ། ནག་ཆུ་བཅས་ཀྱི་ཁྲོམ་རར་སྔོན་ལ་འཚོང་རྒྱུ་དང་དེ་རྗེས་ས་ཁུལ་དང་གྲོང་ཁྱེར་གཞན་དག་ལ་རིམ་བཞིན་ཁྱབ་གདལ་གཏོང་རྒྱུ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀུང་སི་དེས་འཛུགས་སྐྲུན་གྱི་དུས་ཐེངས་གཉིས་ལ་ཕྱེ་ཞིང་། དུས་ཐེངས་དང་པོར་ཐོན་སྐྱེད་སྒྲུབ་རིམ་དྲུག་སྐྲུན་ཐུབ་པ་བྱ་རྒྱུ་ཡིན་པ་དེར་ལོ་རེར་ས་མཐོའི་བཙའ་མི་རྒྱག་པའི་ངར་ལྕགས་ཀྱི་དབུགས་གནོན་སྣོད་ཆས་ཁྲི་100ཐོན་སྐྱེད་བྱེད་ནུས་ལྡན་ཡོད། རྣམ་གྲངས་ཕྱོགས་ཡོངས་ནས་བསྐྲུན་རྗེས་སྔོན་དཔག་བྱས་ན་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་10ཟིན་རྒྱུ་མ་ཟད། མི་བརྒྱ་ཙམ་ལས་ཞུགས་ཐུབ་རྒྱུ་ཡིན་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།