དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • སྣོད་བཅུད་བཟང་བའི་ཞིང་ཁམས་སུ། དམངས་ཀྱི་འཚོ་བ་བདེ་ཞིང་སྐྱིད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-11-29

    03739c63-8467-417c-8100-be4c223fbd1e.jpg.jpg

    འདི་ནི་ཉིང་ཁྲི་གྲོང་ཁྱེར་གྱི་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་ཡིན་པ།

    རིམ་རྩིས་བྱས་ན་མི་ཐབས་ལ་བརྟེན་ནས་བཏབ་པའི་ནགས་ཚལ་སྤྱི་ཆིང་4743.93ཟིན་པ་དང་། སྤྱི་ཕན་ནགས་ཚལ་སྤྱི་ཆིང་ཁྲི་44.68ལ་བདག་སྐྱོང་། ནགས་ཚལ་སྤྱི་ཆིང་ཁྲི་2.01གསོ་བ། རང་བྱུང་སྲུང་སྐྱོང་ཁུལ་9དང་རྒྱལ་ཁབ་འདམ་རའི་སྤྱི་གླིང་3གྱི་སྐྱེ་ཁམས་མ་ལག་བསྐྱར་གསོ་དང་སྔོ་ཁེབས་སླར་གསོ་བཅས་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་ནགས་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་657.44ཟིན་པ་དང་མི་རེའི་ཆ་སྙོམས་སྤྱི་གླིང་གི་སྔོ་སའི་རྒྱ་ཁྱོན་སྨི་ངོས་གྲུ་19.03ཟིན་ཡོད། དེ་ནི་ཉིང་ཁྲི་གྲོང་ཁྱེར་གྱིས་བཏོད་པའི་བཀྲག་མདངས་འཚེར་བའི་སྐྱེ་ཁམས་མཛེས་ལྗོངས་ཤིག་རེད།

    ཉེ་ཆར། རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས་གྲོང་ཁྱེར་26ལ“རྒྱལ་ཁབ་ནགས་ཚལ་གྲོང་ཁྱེར”གྱི་མཚན་སྙན་སྤྲད་པའི་ཁྲོད་ཉིང་ཁྲི་གྲོང་ཁྱེར་ཚུད་ཡོད་པ་རེད།

    སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ།

    “ད་ཆ་ཕྱི་རོལ་དུ་ཐལ་རླུང་ལྡང་གི་མི་འདུག་ལ་གནམ་གཤིས་ཀྱང་ཡག་པོ་འདུག ད་དུང་སྔོ་ལྗང་ཡང་མང་དུ་ཕྱིན་པས་མཁའ་རླུང་གཙང་མ་འདུག”ཅེས་བྲག་ཡིབ་ཆུས་སྨན་རི་ཤང་སད་སྒོ་རྭ་གྲོང་ཚོའི་གྲོང་མི་བུ་ཁྱི་སྐྱག་གིས་བཤད། དེ་སྔོན་རང་བྱུང་ཆ་རྐྱེན་གྱི་ཤུགས་རྐྱེན་ལས་ཡར་ཀླུང་གཙང་པོའི་རྒྱུད་ཀྱི་སྔོ་ཁེབས་ཞན་འགྱུར་དང་བྱེ་འགྱུར་ཚབས་ཆེན་བྱུང་ཡོད། བྱེ་རླུང་གི་གནམ་གཤིས་ལས་སད་སྒོ་རྭ་གྲོང་ཚོར་དུས་རྟག་ཏུ་ཐལ་རྡུལ་གྱིས་ཁེངས་པ་དང་། བྱེ་རླུང་ལས་གྲོང་ཚོའི་ཁང་པར་གནོད་པ་མ་ཟད། “བཙོག་ཟིང་ཞན་གསུམ”གྱི་ཁོར་ཡུག་ལས་གྲོང་མིའི་བདེ་ཐང་ལའང་ཤུགས་རྐྱེན་ངན་པ་འཕྲད་ཡོད།

    གྲོང་མིས་སྒེའུ་ཁུང་ནས་སྔོ་ལྗང་མཐོང་ཐུབ་པ་དང་། ཕྱི་རོལ་དུ་མཛེས་ལྗོངས་ལ་རོལ་ཐུབ་པ། གང་སར་མེ་ཏོག་གི་དྲི་བསུང་འཐུལ་བ་བཅས་ནི་ཉིང་ཁྲི་གྲོང་ཁྱེར་གྱིས་ནགས་ཚལ་གྲོང་ཁྱེར་འཛུགས་སྐྲུན་གྱི་ཐོག་མའི་དམིགས་ཡུལ་རེད། རི་རྒོད་ཐང་རྒོད་སྔོ་ལྗང་ཅན་དུ་བསྒྱུར་བའི་རྨང་གཞིའི་ཐོག་གྲོང་ཁྱེར་དེས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ལས་གྲྭ་དེ་དམ་འཛིན་བྱ་གཞིར་བརྩིས་ནས་ས་ཆ་ཆ་ཤས་ཀྱི་སྔོ་འགྱུར་དང་སྐྱེ་ཁམས་སླར་གསོར་སྐུལ་འདེད་བཏང་ཡོད། མ་དངུལ་སྒོར་ཁྲི་4000བཏང་ནས་གྲོང་ཁྱེར་ཉེ་འཁོར་གྱི་རི་བོ་བསྐྱར་གསོའི་འདུ་འགོད་ལག་བསྟར་དང་། མ་དངུལ་སྒོར་ཁྲི་2987.3བཏང་ནས“གཙང་པོ་གཉིས་དང་ཆུ་བོ་བཞིའི”འབབ་རྒྱུད་ཀྱི་ནགས་བཟོ་སྔོ་འགྱུར་འདུ་འགོད་ལག་བསྟར། མ་དངུལ་སྒོར་ཁྲི་1084བཏང་ནས་བྱེ་འགོག་བྱེ་བཅོས་འདུ་འགོད་ལག་བསྟར། མ་དངུལ་སྒོར་དུང་ཕྱུར་1.4ལྷག་ཙམ་བཏང་ནས་རྫོང(ཆུས)4ཡི་གཞུང་ལམ་རྒྱུད་ཀྱི་སྐྱེ་ཁམས་སླར་གསོའི(ནགས་བཟོ)འདུ་འགོད་ལག་བསྟར་བཅས་བྱས་ནས་ལོ་གཉིས་ནང་ཉིང་ཁྲི་གྲོང་ཁྱེར་དུ་སྔོ་འགྱུར་ནགས་བཟོའི་རྒྱ་ཁྱོན་མུའུ་ཁྲི་9.9མང་དུ་ཕྱིན་ཡོད་པ་རེད།

    མི་ཚང་མ་སྐྱེ་ཁམས་སྲུང་མཁན་ཡིན་པ།

    ཉིང་ཁྲི་གྲོང་ཁྱེར་ནི་ཀྲུང་གོའི་ནགས་ཁུལ་ཆེ་གྲས་གསུམ་པ་དེ་ཡིན་པ་དང་བོད་ཀྱི་80%ཟིན་པའི་ནགས་ཚལ་དེ་གར་གནས་ཡོད། འདི་གར་གདོད་མའི་ནགས་ཚལ་གྱི་མཛེས་ལྗོངས་གསོ་ཉར་ཡག་པོ་བྱས་ཡོད་པས་བོད་ཀྱི་གནའ་བའི་ཤུག་སྡོང་དང་། རྩི་ཤིང་གི་འགྱུར་རྡོ་གསོན་པོའི“བུར་ཤིང” དེ་བཞིན་རིགས་མི་འདྲ་བའི་ཁུ་བྱུག་བརྒྱ་ལྷག་ཙམ་སོགས་རྩ་ཆེའི་སྲོག་ཆགས་དང་རྩི་ཤིང་སོགས་ཡོད། དེ་དང་ཆབས་ཅིག་ཉིང་ཁྲི་གྲོང་ཁྱེར་དུ་ད་དུང་ཡོ་རོབ་དང་ཨེ་ཤེ་ཡ་སྐམ་ས་ཆེ་མོའི་བྱང་རྒྱུད་ཀྱི་ཚ་ཁུལ་ནགས་ཚལ་ཡོད་པས་རྒྱལ་སྤྱིའི་དོན་སྙིང་ལྡན་པའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་གླེང་མང་བའི་ས་ཁུལ་གྱི་གྲས་ཤིག་ཀྱང་རེད། ནགས་ཚལ་ཐོན་ཁུངས་དང་། རི་སྐྱེས་སྲོག་ཆགས། རྩི་ཤིང་ཐོན་ཁུངས་བཅས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པས“རང་བྱུང་གི་རྟེན་རྫས་བཤམས་མཛོད་ཁང”དང“རང་བྱུང་གི་ལྗང་མདོག་གཞི་རྒྱུའི་མཛོད”ཀྱི་མཚན་སྙན་ཐོབ་ཡོད།

    ད་བར་ཉིང་ཁྲི་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་ནགས་ཚལ་ཐོན་ཁུངས་ལ་བདག་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཁྱེར་དེ་ཡོངས་ཀྱི་སྐྱེ་ཁམས་བདག་སྐྱོང་པ་ཁྲི་12ལྷག་ཙམ་གྱི་ནུས་པ་གང་ལེགས་བཏོན་ཏེ་ནགས་ཚལ་ཐོན་ཁུངས་ལ་གཏོར་སྐྱོན་གཏོང་བའི་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་བཏང་ཡོད། དེ་དང་ཆབས་ཅིག་དྲིལ་བསྒྲགས་སློབ་གསོ་གཏོང་ཤུགས་ཆེ་རུ་བཏང་ནས་ཤིང་སྡོང་ལྐོག་གཅོད་དང་གང་བྱུང་དུ་གཅོད་པའི་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་སྟེ་ཕྱུགས་ཟོག་འགོག་པ་དང་། རྩྭ་ཁ་གསོ་བ། ཕྱུགས་བསྐྱུར་རྩྭ་གསོ། མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པ་བཅས་ལག་བསྟར་བྱས་པས་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་ཕྱིན་ནས་མི་ཚང་མས་མཛེས་སྡུག་ལྡན་པའི་ཕ་ཡུལ་འཛུགས་སྐྲུན་བྱེད་མཁན་དང་ཁོར་ཡུག་སྲུང་སྐྱོང་བྱེད་མཁན་ཞིག་ཏུ་འགྱུར་བར་བརྩོན་ལེན་བྱེད་བཞིན་ཡོད།

    རི་སྔོ་ཆུ་དྭངས་ནི་གསེར་དངུལ་རི་ལས་ལྷག་པ།

    སྔོ་ལྗང་ནི་གྲོང་གསེབ་ཀྱི་རང་གཤིས་ཡིན་ལ། དར་རྒྱས་གོང་འཕེལ་གཏོང་བའི་གཞི་མ་དེ་བས་ཡིན། ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ནགས་ཚལ་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་དཔལ་འབྱོར་ནགས་ལས་དང་ཁྱད་ལྡན་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ནགས་དར་དམངས་ཕྱུག་ལ་སྐུལ་འདེད་བཏང་ནས་རི་སྔོ་ཆུ་དྭངས“གསེར་རི་དངུལ་རིར”བསྒྱུར་ཡོད།

    ལོ་མང་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོང་གི་འདུ་ཤེས་ཡུལ་སྐོར་དང་། ནགས་གསེབ་དཔལ་འབྱོར། སྡོང་ཕྲུག་ཐོན་ལས་སོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ཡོད། 2021ལོར་མཛེས་ལྗོངས་ཁུལ་28ལ་བརྟེན་ནས་གྲོང་ཁྱེར་ཡོངས་ཀྱི་མང་ཚོགས་མི་ཐེངས་ཁྲི་1.8ཡུལ་སྐོར་ལས་རིགས་སུ་ལས་ཞུགས་ཐུབ་ནས་འབབ་འཕར་སྒོར་ཁྲི་6695བྱུང་བ་དང་། མ་དངུལ་སྒོར་དུང་ཕྱུར་5.03བཏང་ནས་ཁྱད་ལྡན་དཔལ་འབྱོར་ཤིང་འབྲས་དང་། ནགས་གསེབ་ཤ་མོ། ནགས་གསེབ་སྨན་རྩྭ་བཅས་འདེབས་འཛུགས་བྱས་པས་བྲག་ཡིབ་ནས་སྨན་གླིང་དང་སྣང་རྫོང་བར་གྱི་ཤིང་འབྲས་དང་ཤིང་འབྲས་སྐམ་པོའི་ཐོན་ལས་ཁུལ་དང་མེ་ཏོག་ཚ་བའི་ཁུལ་གྱི་ཤིང་འབྲས་རྟེན་གཞི་སོགས་རགས་ཙམ་བསྐྲུན་ཟིན་པ། མ་དངུལ་སྒོར་དུང་ཕྱུར་2.45བཏང་ནས་སྡོང་ཕྲུག་ར་བ་14བསྐྲུན་པར་རྒྱ་ཁྱོན་སྤྱི་ཆིང་841.46ཟིན་པ་དང་། སྡོང་ཕྲུག་ར་བའི་བསྡོམས་འབོར་43བར་མང་དུ་ཕྱིན་ནས་ས་གནས་དེ་གའི་དགོས་མཁོ་སྐོང་ཐུབ་པ་དང་ལྗོངས་ཡོངས་ལ་ཁ་ཕྱོགས་པའི་སྡོང་ཕྲུག་མཁོ་སྤྲོད་རྟེན་གཞི་ཞིག་བཏོད་པ་བཅས་རེད།

    ད་ཆ་ཉིང་ཁྲིར་སྔོ་ལྗང་མང་དུ་འགྲོ་བ་དང་། ནགས་ཚལ་ཁེབས་ཚད་ལོ་རེ་བཞིན་མང་དུ་འགྲོ་བ། དཔྱིད་ཀར་ལྗོན་པའི་མྱུ་གུ་འབུས་པ། དབྱར་ཁར་གཙང་པོ་དྭངས་ཤིང་མཛེས་པ། སྟོན་ཀར་ཤིང་འབྲས་མངར་ཞིང་ཞིམ་པ། དགུན་ཁར་གངས་རི་དུང་ལྟར་དཀར་བ། སྐྱེ་ཁམས་ཤེས་དཔལ་གྱི་གཞི་མ་སྔར་བས་བཀྲག་མདངས་འཚེར་བ་ལས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་གསོན་ཉམས་དོད་པའི་རི་མོ་ཞིག་དལ་བུར་མངོན་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།