དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • དེ་བས་མཛེས་སྡུག་ལྡན་པའི་འཚོ་བའི་ཕྱོགས་སུ་སྐྱོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཞུས་ཡུས་ཡའོ།   |     སྤེལ་དུས།  2022-11-22

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོ་བཙུགས་ནས་ལོ་རྒྱུས་ལ་འགན་འཁུར་བ་དང་། མི་དམངས་ལ་འགན་འཁུར་བ། འཛམ་གླིང་ལ་འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་གནས་བབ་དེ་བས་མངོན་གསལ་དོད་སར་བཞག་ནས་ས་མཐོའི་རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོང་ཡག་པོ་དང་མཚོ་བོད་ས་མཐོ་འདི་ཉིད་རྒྱལ་ཡོངས་ཙམ་མ་ཟད་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་སར་འགྱུར་བ་བྱེད་དགོས་ཞེས་གསུངས་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གི་ཐུགས་ཁུར་འོག་བོད་རང་སྐྱོང་ལྗོངས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོ་ལེགས་གཏོང་ཟུང་འབྲེལ་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་སྐྱེ་ཁམས་བཟང་པོ་མཉམ་སྐྲུན་དང་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་སྤྱོད་ཀྱི་འཁོར་རྒྱུག་བཟང་བའི་ཕུགས་ཕན་ལམ་སྲོལ་ཧུར་ཐག་བཏོད་ཡོད།

    2018ལོར་བོད་རང་སྐྱོང་ལྗོངས་ཀྱིས་ས་བབ་ཤིན་ཏུ་མཐོ་བའི་སྐྱེ་ཁམས་གནས་སྤོའི་ལས་དོན་སྤེལ་རྒྱུའི་གཏན་འབེབས་བྱས་པ་རེད། དུས་འགོའི་ཚོད་ལྟ་བྱས་པ་བརྒྱུད་གཞི་ཁྱོན་ཆེ་བའི་གནས་སྤོ་ཁག་དང་པོ་2019ལོའི་ཟླ་12པར་ལག་བསྟར་བྱས་པ་དང་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་དང་། ཨ་མདོ་རྫོང་། ཉི་མ་རྫོང་བཅས་ཀྱི་མང་ཚོགས་4000ལྷག་ཙམ་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྲིན་བུ་རིའི་དུས་ཐེངས་དང་པོའི་བཀོད་སྒྲིག་བྱ་ཡུལ་དུ་གནས་སྤོས་པ་རེད། ས་བབ་མཐོ་བ་དང་གནམ་གཤིས་ཞན་པའི་རི་ཁུལ་ནས་སྡོད་མལ་ལ་འཚམས་པའི་ས་ཆར་སླེབས་པ་དང་སྐྱེ་ཁམས་གནས་སྤོ་བྱས་པས་འཚོ་བ་གསར་པ་སྐྱེལ་རྒྱུ་བྱུང་བ་དང་འདུ་ཤེས་གསར་པ་མངོན་ཡོད།

    འདི་ལོའི་ཟླ་7པ་ནས་བཟུང་། བོད་ཀྱིས་གཞི་ཁྱོན་ཆེན་པོས་ས་བབ་ཤིན་ཏུ་མཐོ་བའི་སྐྱེ་ཁམས་གནས་སྤོ་ཁག་གཉིས་པ་ལག་ལེན་བསྟར་འགོ་ཚུགས་ཤིང་། གོང་གསལ་གྱི་རྫོང་གསུམ་གྱི་ས་བབ་མཐོ་ཚད་སྨི་4800ལྷག་ཙམ་ཟིན་པའི་ཤང་དང་གྲོང་རྡལ་གྱི་མི་ཁྲི་1.3ལྷག་ཙམ་གཅིག་སྡུད་ཐོག་གནས་སྤོས་ནས་ས་བབ་མཐོ་ཚད་སྨི་3600ཟིན་པའི་སྲིན་བུ་རིའི་དུས་ཐེངས་གཉིས་པའི་བཀོད་སྒྲིག་བྱ་ཡུལ་དུ་འཚོ་བ་གསར་པ་སྐྱེལ་འགོ་འཛུགས་རྒྱུ་རེད།

    ཉིན་ཤས་གོང་ཡུལ་མི་ཚོའི་རྡོག་ཁྲེས་བླུགས་པའི་ལྗིད་ཐེག་རླངས་འཁོར་མང་པོ་སྔོན་ལ་རྡོག་ཐོན་བྱས་ཡོད། “ཁྱིམ་ཆས་ཚང་མ་ཤང་སྲིད་གཞུང་དུ་དབོར་ནས་གཅིག་གྱུར་སྐྱེལ་འདྲེན་བྱེད་མཁན་རེད་འདུག”ཅེས་ཨ་མདོ་རྫོང་སྤང་མེར་ཤང་ཆུ་རུས་ཤར་མ་གྲོང་ཚོའི་ཡུལ་མི་སྤེན་པས་ངོ་སྤྲོད་བྱས་པ་རེད།

    ད་ཐེངས་ལམ་ཐག་རིང་པོ་ཡོད། སྤང་མེར་ཤང་ནས་སྲིན་བུ་རིའི་བཀོད་སྒྲིག་བྱ་ཡུལ་བར་ལམ་ཐག་སྤྱི་ལེ་500ལྷག་ཙམ་ཡོད།

    སྤེན་པ་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དང་ཁོང་སྐྱེས་ས་དང་འཚར་སའི་ཡུལ་འདིར་ཞེན་ཆགས་ནས་སེམས་ནང་སྐྱོ་ལྷང་ལྷང་བྱུང་ཞིང་། ཁོང་གིས། “ང་ཚོའི་འབྲོག་ར་ནི་ཉེ་འཁོར་གྱི་རྩྭ་ཐང་ཁྲོད་ནས་ཡག་ཤོས་དེ་ཡིན། དེར་བརྟེན་ཁྱིམ་ལ་ནོར་ལུག་མང་པོ་འཕེལ་ཡོད”ཅེས་བརྗོད་བྱུང་། ཁོང་གི་ཁྱིམ་ལ་འབྲི་གཡག་མགོ་གྲངས་100ལྷག་ཙམ་དང་ལུག་མགོ་གྲངས་300ཙམ་ཡོད་པ་དེ་དག་ནི་ལོ་བཅུ་ཕྲག་རིང་དཀའ་ལས་བརྒྱབ་པའི་འབྲས་བུ་རེད། ནོར་ལུག་གི་གྲངས་འབོར་རིམ་བཞིན་མང་དུ་ཕྱིན་པ་དང་བསྟུན་ནས་སྤེན་པ་ཡང་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་གསོ་ཚགས་མཁན་བྱང་མ་ཞིག་ཏུ་གྱུར་ཡོད།

    ཁོང་གི་སེམས་ནང་ཡུལ་དེ་ནས་ཁ་འབྲལ་འདོད་མེད་ཀྱང་ས་གཞི་དེ་ནི་སྲོག་ཆགས་འཚོ་གནས་བྱ་ཡུལ་ཡིན་པ་དང་། དེ་གར་ས་བབ་མཐོ་བ་དང་རྩྭ་ཐང་གི་ཐེག་ནུས་ལ་ཚད་གཞི་ཡོད་པས་ཁྱིམ་གྱི་ནོར་ལུག་གི་གྲངས་འབོར་མང་དུ་འགྲོ་ཁག་པོ་ཡོད་པ་གསལ་པོ་ཤེས་ཀྱི་ཡོད།

    ཉེ་བའི་ལོ་ཤས་རིང་། བྱང་རྩྭ་ཐང་ལ་སྲུང་སྐྱོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་སོང་བ་དང་བསྟུན་ནས་སྐྱེ་ཁམས་ཁོར་ཡུག་མུ་མཐུད་ལེགས་སུ་ཕྱིན་པ་དང་རི་དྭགས་ཀྱི་ཁྱུ་ཚོགས་ཀྱང་རིམ་བཞིན་སླར་གསོ་ཐུབ་ཡོད། ཁོང་གིས“ལོ་འདི་གའི་རིང་རྩྭ་ཐང་དུ་སྤྱང་ཁྱུ་མང་དུ་ཕྱིན་པ་དང་སྐབས་འགར་དྲེད་མོང་སོགས་སྲོག་ཆགས་ཆེན་པོ་མཐོང་རྒྱུ་ཡོད”ཅེས་བཤད་བྱུང་།

    རྒན་རྒོན་རྣམས་དགའ་འོས་པ་ཞིག་ལ་སླད་ཕྱིན་གྲོང་ཚོར་གསོ་ཚགས་མཉམ་ལས་ཁང་བཙུགས་ནས་ད་ཡོད་ཀྱི་ནོར་ལུག་ཚང་མ་གསོ་ཚགས་བྱེད་རོགས་བྱེད་ཀྱི་ཡོད། ཕྱིས་སུ་ནོར་ལུག་བཙོངས་རྗེས། ཁོང་གིས་སྔར་བཞིན་དེ་ནས་ཁེ་ཕོག་བླང་ཆོག

    ན་གཞོན་ཚོར་ཕ་ཡུལ་ལ་ཞན་ཆགས་དེ་ཙམ་མེད་པར་སེམས་སུ་མ་འོངས་ཀྱི་འཚོ་བར་ཡིད་སྨོན་ཆེན་པོ་བྱེད་ཀྱི་ཡོད། སྤེན་པའི་ཚ་བོ་གུ་རུ་དབང་རྒྱལ་ཆུང་དུས་ནས་ཨ་མདོར་འཚར་ལོངས་བྱུང་བ་དང་སློབ་གྲྭར་འགྲོ་ཞོར་དུ་ཕྱུགས་འཚོ་རོགས་བྱེད་ཀྱི་ཡོད། ཁོ་ལན་ཆིའུ་སྤོ་ལོར་དགའ་པོ་ཡོད་མོད། འོན་ཀྱང་སྤང་མེར་ཤང་ལ་སྤོ་ལོ་རྒྱག་ས་མེད་པ་མ་ཟད། རང་བྱུང་ཁོར་ཡུག་གིས་རྐྱེན་པས་སྦྱོང་བརྡར་ཤུགས་དྲག་ཆེན་པོ་བྱེད་ཐབས་བྲལ། “གོ་ཐོས་ལ་ཁྱིམ་གསར་པར་ག་དུས་ཡིན་རུང་སྤོ་ལོ་རྒྱག་ཆོག་གི་ཡོད་པ་འདྲ། དགུན་ཁ་ཡང་གྲང་མོ་དེ་འདྲ་མེད་པ་འདྲ”ཞེས་ཁྱིམ་གསར་པའི་སྐོར་གླེང་སྐབས་ཁོ་པ་དགའ་ཚོར་ཆེན་པོ་བྱེད་ཀྱི་ཡོད།

    ཉིན་ཕྱེད་ཙམ་བསྐྱོད་རྗེས། ད་གཟོད་གཞི་ནས་དམིགས་སར་འབྱོར་བ་དང་མི་རྣམས་རླངས་འཁོར་ནས་བབས་མ་ཐག་ཁྱིམ་གསར་པའི་ཕྱོགས་སུ་བསྐྱོད།

    སྤེན་པའི་སྡོད་ཁང་གསར་པར་ཐོག་སོ་གཉིས་ཡོད་ཅིང་། ཁང་པའི་གྲུབ་ཆ་ནི་ས་ཕག་དང་ཨར་འདམ་ཡིན་པ་དང་། ཆུ་དང་། གློག དྲ་རྒྱ་བཅས་ཆ་ཚང་ཁྲིད་ཡོད། སྤེན་པས་དགའ་ཚོར་ཆེན་པོས་ད་ནས་བཟུང་ཁྲོན་ཆུ་འཐུང་དགོས་མི་འདུག”ཅེས་བཤད།

    སྡོད་ཁང་གསར་པ་ནས་ཐག་མི་རིང་བའི་སར་ནི་གུ་རུ་དབང་རྒྱལ་འགྲོ་ཆོག་པའི་སྲིན་བུ་རིའི་སློབ་ཆུང་ཡིན་པ་དང་སྲིན་བུ་རིའི་གནས་སྤོ་ས་ཚིགས་ཀྱི་སློབ་ལོ་ལོན་པའི་བྱིས་པ་ཚང་མ་དེ་གར་འགྲོ་ཆོག འགྱིག་ཧྲག་བཏིངས་པའི་རྒྱུག་ལམ་དམར་པོ་དང་སྔོ་ཐིང་ཐིང་གི་ལུས་རྩལ་ཐང་མཐོང་མ་ཐག་གུ་རུ་དབང་རྒྱལ་དགའ་ཚོར་ཆེན་པོ་བྱུང་ཞིང་། ཁོས་རྟག་ཏུ་བརྙན་འཕྲིན་ནས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ལྟ་གི་ཡོད། འོན་ཀྱང་རང་ཉིད་རྐང་རྩེད་སྤོ་ལོའི་ཐང་དུ་སྤོ་ལོ་རྒྱག་མྱོང་མེད། ཁོས“ད་ནས་བཟུང་ང་རྐང་རྩེད་སྤོ་ལོ་རྒྱག་གི་ཡིན”ཞེས་བཤད།

    སྤེན་པའི་སེམས་ལ་མི་ཚེ་ཧྲིལ་པོ་ཕྱུགས་འཚོས་ནས་བསྡད་པས། འདི་གར་འཚོ་བ་ཇི་ལྟར་སྐྱེལ་དགོས་མིན་ཐད་སེམས་ཁྲལ་བྱེད་ཀྱི་ཡོད།

    1997ལོར་སྐྱེས་པའི་བསོད་ནམས་དབྱངས་ཅན་གྱིས་སྤེན་པའི་སེམས་ཁྲལ་ཡོངས་སུ་བསལ་ཡོད། 2019ལོར་སྲིན་བུ་རིའི་གནས་སྤོས་བཀོད་སྒྲིག་བྱ་ཡུལ་གྱི་གནས་སྤོས་དུད་ཚང་ཁག་དང་པོའི་བསོད་ནམས་དབྱངས་ཅན་དེ་གའི་འཚོ་བར་རྦད་དེ་གོམས་ཡོད། སྤེན་པའི་ཁང་པ་གསར་པའི་མདུན་ཕྱོགས་སུ་ཀུ་ཤུའི་ནགས་ཚལ་སྟུག་པོ་ཞིག་ཡོད་པ་དེ་ནི་གནས་སྤོས་ལེ་ལག་ཚང་བའི་ཐོན་ལས་ཤིག་རེད།

    2020ལོར་ཤིང་འབྲས་ལྡུམ་ར་སྐྲུན་སྐབས་བསོད་ནམས་དབྱངས་ཅན་དེར་ཞུགས། ཞིང་ཁར་ཆུ་གཏོང་སྒྲིག་ཆས་དབོར་བ་དང་སྡོང་ཕྲུག་གསར་པ་འདེབས་གསོ་གནས་སྤོས་དུད་ཚང་ནི་གཙོ་ཤུགས་རེད། ད་ཆ་ཤིང་འབྲས་ལྡུམ་ར་སྤྱིར་ན་བསྐྲུན་ཟིན་ནས་བཏབ་པའི་འབྲས་ཤིང་ཁག་དང་པོར་དུས་སང་ལོ་ལེགས་ཡོང་ངེས་རེད།

    “འདི་གའི་ས་རྒྱུར་ཀུ་ཤུ་བཏབ་ན་འཚམ་པོ་འདུག དེ་གོང་ཐོན་འབོར་ཅུང་ཉུང་བའི་ཀུ་ཤུ་དེ་ཚོ་གྲོང་ཁྱེར་རིམ་པ་དང་པོའི་སྒོ་རྩིས་ཚོང་ཁང་དུ་བྲིན་ཁ་རྒྱུག་པོ་བྱུང་སོང”ཞེས་ཁེ་ལས་ཀྱི་འགན་འཁུར་བ་ཀྲང་ཏའེ་ཡིས་ངོ་སྤྲོད་བྱས། ཡང་ཁོང་གིས་ཚང་མས་བོད་ཀྱི་ཞིང་ལས་ཐོན་རྫས་ལ་ཁས་ལེན་ཆེན་པོ་བྱེད་ཀྱི་འདུག་ཅེས་བཤད།

    གནས་སྤོས་མང་ཚོགས་ཀྱི་འཚོ་བའི་སེམས་ཁྲལ་སེལ་ཆེད། སྲིད་གཞུང་གིས་ཁོ་ཚོར་ཐོན་ལས་མང་པོ་བཀོད་སྒྲིག་བྱས་ནས་ཁོ་ཚོ་ཁང་པ་གསར་པར་འཚོ་གནས་ཐུབ་པ་མ་ཟད། ད་དུང་ལས་ལ་བརྩོན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།

    ས་སྲིབ་མཚམས་ཀྱི་སྲིན་བུ་རིའི་གནས་སྤོས་བཀོད་སྒྲིག་བྱ་ཡུལ་དུ་ཧ་ཅང་འཁྲུག་ཆ་དོད་ཅིང་། ཉིན་གང་པོར་ལས་ལ་བྲེལ་བའི་གནས་སྤོས་མང་ཚོགས་ཁག་གཉིས་པ་དང་ལོ་གཉིས་ལྷག་ཙམ་གོང་སྤོས་པའི་མང་ཚོགས་ལས་གྲོང་རྡལ་ཆུང་ངུ་དེར་སྐྱེ་སྟོབས་དང་གསོན་ཤུགས་སྦྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།