དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་བཞུགས་མོལ་ཚོཌ་འདུ་འཚོཌ་ནས“སྙིགས་རོ་གཙང་བཟོ་དང་བེད་སྤྱོད་བྱས་ཏེ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུར་ཞབས་འདེགས་ཞུ་བའི”ཆེད་དོན་གྲོས་མོལ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-11-14

    ཚེས་11ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས“སྙིགས་རོ་གཙང་བཟོ་དང་བེད་སྤྱོད་བྱས་ཏེ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུར་ཞབས་འདེགས་ཞུ་བའི”ཆེད་དོན་གྲོས་མོལ་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། མིག་སྔའི་རང་ལྗོངས་ཀྱི་སྙིགས་རོ་གཙང་བཟོ་དང་བེད་སྤྱོད་ལས་དོན་ཁྲོད་གནས་པའི་འགལ་ཟླ་དང་གནད་དོན་སྣ་ཚོགས་ལ་དབྱེ་ཞིབ་གཏིང་ཟབ་བྱས་ནས་རང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུར་རམ་འདེགས་བྱ་ཆེད་གྲོས་མོལ་དང་ཇུས་འདོན་བྱས་ཡོད། ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཁོངས་མི་ཀྲུའུ་ཞི་གཞོན་པ་ཝང་ཡ་ལིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་རིགས་དབྱེ་དང་། བསྐྱར་སྐྱེའི་ཐོན་ཁུངས་ཚུར་བསྡུ་བེད་སྤྱོད། སྙིགས་རོ་བེད་སྤྱོད་དང་གཙང་བཟོའི་སྒྲིག་བཀོད་འཛུགས་སྐྲུན། བཟོ་ལས་ཀྱི་སྙིགས་རོ་ཕྱོགས་བསྡུས་བེད་སྤྱོད། ཞིང་ལས་ཀྱི་ལྗང་མདོག་ཐྰན་ཉུང་འཕེལ་རྒྱས། ཉེན་ཆེའི་སྙིགས་རོ་ལྟ་འདོམས་སོགས་ཐད་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད། ཨུ་ཡོན་ཚོས་གྲོས་འགོ་བཏོན་དོན། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ཆེད་དོན་གྱི་གྲོས་མོལ་སྒྲིག་གཞིའི་ལེགས་ཆའི་ནུས་པ་འདོན་སྤེལ་བྱེད་པ་བཅས་ཀྱི་ཐོག་ནས་སྤུས་ཚད་མཐོ་བའི་འགན་འཁྲི་སྒྲུབ་པར་བརྟེན་ཏེ་གྲོས་མོལ་གྱི་ཕན་འབྲས་གཞན་སྒྱུར་ལ་སྐུལ་འདེད་བཏང་ནས“རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་ཐུབ་པ་བྱེད་པའི”ཞིབ་ཕྲའི་ལག་ལེན་ནང་ཧུར་ཐག་ཞུགས་ནས་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་རམ་འདེགས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།