དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • དུས་ཚིགས་གསུམ་པའི་སྐྱེ་ཁམས་ལས་གནས་ཀྱི་ཁ་གསབ་དངུལ་སྤྲད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  德吉普尺   |     སྤེལ་དུས།  2022-11-08

    རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་ཡག་པོ་བྱ་ཆེད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲོང་གསེབ་དར་རྒྱས་ཅུས་ཀྱིས་ལས་རིགས་ཁག་དང་སྡེ་ཚན་ཁག་དང་འབྲེལ་མཐུད་ཧུར་ཐག་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དམངས་ཕན་མ་དངུལ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ་རེད། ལོ་ཧྲིལ་པོའི་སྐྱེ་ཁམས་ཁ་གསབ་ལས་གནས་ཀྱི་ལས་ཀའི་འཆར་གཞི་ལྟར་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་སྤྱི་འདོམས་མཐུན་སྦྱོར་བྱས་ཤིང་། ཉེ་ཆར་སྐྱེ་ཁམས་ཁ་གསབ་ལས་གནས་མི་སྣ་361ལ་དུས་ཚིགས་གསུམ་པའི་སྐྱེ་ཁམས་ལས་གནས་ཀྱི་ཁ་གསབ་དངུལ་སྒོར་ཁྲི་31.64སྤྲད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲོང་གསེབ་དར་རྒྱས་ཅུས་ཀྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས། སྐྱེ་ཁམས་ཁ་གསབ་དང་ཞིང་ཕན་མ་དངུལ་ལ་བརྟེན་ནས་སྲིད་ཇུས་ཀྱི་མ་རྩ་འཕར་སྣོན་དང་། ཁོར་ཡུག་གི་ལྗང་མདོག་འཕེལ་རྒྱས། མང་ཚོགས་འབབ་འཕར་བཅས་ཀྱི་སྐྱེ་ཁམས་དར་རྒྱས་ལམ་བུ་ཧུར་ཐག་བཏོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།