དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ས་མཐོའི་རང་བྱུང་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-09

    8b6dcdbc-e9c4-4635-b3df-2fc30632b9f9.jpg.jpg

    འདི་ནི་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་དར་རྒྱས་ཤང་གི་སྐྱེ་ཁམས་མཛེས་ལྗོངས་ཡིན་པ།

    ཉེ་བའི་ལོ་ཤས་རིང་། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་འོག རང་ལྗོངས་སུ་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་འཁྱགས་བཅས་ཀྱི་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་སྤྱི་འདོམས་བྱེད་པ། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུར་ཤུགས་རྒྱག་པ་བཅས་བྱས་པས་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཉིན་བཞིན་བརྟན་དུ་ཕྱིན་པ་དང་། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྗང་མདོག་གི་རང་མདངས་དང་སྤུས་ཚད་ཀྱི་ངོ་བོ་མངོན་པ་བཅས་བྱུང་ཡོད།

    ལམ་ལུགས་གསར་གཏོད་གཏིང་ཟབ་བྱས་ནས་སྐྱེ་ཁམས་ཤེས་དཔལ་ལ་སྣེ་ཁྲིད་བྱས་པ།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱིས་སྐྱེ་ཁམས་ཤེས་དཔལ་གྱི་ལམ་ལུགས་མ་ལག་འཛུགས་སྐྱོང་ལ་འཚོལ་ཞིབ་ཟམ་མི་ཆད་པར་གཏིང་ཟབ་བྱས་ནས་ཁོར་ཡུག་སྲུང་སྐྱོང་གི་ལམ་ལུགས་མ་ལག་སྔར་ལས་འཐུས་སྒོ་ཚང་དུ་བཏང་སྟེ། སྔ་རྗེས་སུ《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག》དང་། 《བོད་རང་སྐྱོང་ལྗོངས་ཀྱི་འདམ་ར་སྲུང་སྐྱོང་སྲོལ་ཡིག》 《བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་སྐུལ་དོ་དམ་བྱ་ཐབས》 《བོད་རང་སྐྱོང་ལྗོངས་ཀྱི་གཏེར་ཁའི་ཐོན་ཁུངས་རྩད་ཞིབ་གསར་སྤེལ་གྱི་ལྟ་སྐུལ་དོ་དམ་བྱ་ཐབས》སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྲིད་གཞུང་གི་སྒྲིག་སྲོལ་30ལྷག་ཙམ་བཀྲམ་ནས་ལག་བསྟར་བྱས་པས་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་ཆེད་ཁྲིམས་སྐྱོང་གི་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

    དེ་དང་ཆབས་ཅིག་རང་ལྗོངས་ཀྱིས་ད་དུང《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་གྱི་འཆར་འགོད(2021ལོ་ནས་2035ལོའི་བར)》བཟོས་ནས་ལག་བསྟར་བྱས་པ་དང་། 《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུར་ཤུགས་སྣོན་རྒྱག་པ་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཏོན་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི་སྲིད་ཇུས་འགན་ལེན་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ཡོད།

    《2021ལོའི་བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་གྱི་སྤྱི་བསྒྲགས》ནང་2021ལོའི་ལོ་མཇུག་བར་བོད་ཀྱིས་རང་བྱུང་སྲུང་སྐྱོང་ཁུལ་སྣ་ཚོགས་47བཙུགས་པ་མངོན་ཡོད། ད་ཆ་བོད་དུ་ནགས་ཚལ་སྤྱི་ཆིང་ཁྲི་1491ཡོད་པ་དང་། ནགས་ཚལ་ཁྱབ་ཚད་12.31%ཟིན་པ། ཐོ་འགོད་བྱས་ཟིན་པའི་རི་སྐྱེས་རྩི་ཤིང་སྣ་ཁ་9600ལྷག་ཙམ་ཡོད་པ་རེད།

    ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས་སྐྱེ་ཁམས་ཀྱི་རྨང་གཞི་བརྟན་དུ་བཏང་བ།

    བོད་ནི་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་རེད། སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་བོད་ཀྱི་མངོན་གསལ་དོད་ཤོས་ཀྱི་ལེགས་ཆ་ཞིག་ཡིན་པས་བོད་ཀྱི་རི་སྔོན་ཆུ་དྭངས་ལ་སྲུང་སྐྱོང་ཡག་པོ་བྱེད་པ་དང་འཛམ་གླིང་གི་མཐའ་མའི་དག་ཞིང་སྲུང་སྐྱོང་ཡག་པོ་བྱེད་པ་ནི་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད།

    རང་ལྗོངས་ཀྱིས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྱོང་ལ་དམ་པོར་དམིགས་ནས་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་། དྲིན་ཚོར་དང་ཡར་བརྩོན་གྱིས་ལྗང་མདོག་འཕེལ་རྒྱས་དང་སྐྱེ་ཁམས་སྔོན་ལ་འཇོག་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ་མིག་སྔ་དང་ཕུགས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་མིག་སྔའི་ཁེ་ཕན་གྱི་ཆེད་དུ་ཕུགས་ཀྱི་ཁེ་ཕན་བློས་གཏན་ནས་མི་གཏོང་བ་དང་དཔལ་འབྱོར་ཁེ་ཕན་གྱི་ཆེད་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁེ་ཕན་བློས་གཏན་ནས་མི་གཏོང་བར་དེང་སྐབས་ལ་གཞི་ཚུགས་པ་དང་ཕུགས་ལ་དམིགས་ཐུབ་པ་བྱས་ཡོད།

    ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་རྒྱུ་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དང་། ཁོར་ཡུག་སྤུས་ཚད་ཀྱི་མཐའ་ཚད། ཐོན་ཁུངས་བེད་སྤྱོད་ཀྱི་ཡས་མཐའ། སྐྱེ་ཁམས་ཁོར་ཡུག་གི་ཆོག་འཐུས་གསལ་ཐོ་བཅས་བཟོས་ནས“མཐོ་གསུམ”གྱི་རྣམ་གྲངས་ས་མཐོར་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཏེ་ནང་འདྲེན་མི་བྱེད་པ་དང་། ཞིབ་མཆན་མི་བྱེད་པ། དོན་འཁྱོལ་མི་བྱེད་པ་བཅས་བྱས་ཡོད།

    མིག་སྔར་བོད་འདི་ཉིད་སྔར་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་བཟང་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད།

    ལྗང་མདོག་སྒུལ་ནུས་འཕེལ་བར་བྱས་ནས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་བཏང་བ།

    ལྗོངས་ཡོངས་སུ་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ནི་སྐྱེ་ཁམས་བཟང་བའི་བོད་ཀྱི་མིང་བྱང་ཞིག་ཡིན་པ་མ་ཟད། འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་ཐོན་པ་དང་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི“སྤུས་ཚད་མཐོ་པོ”དང་སྐྱེ་ཁམས་ཁོར་ཡུག་གི“རྣམ་པ་མཛེས་པོ”གཉིས་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཀྱང་བཏང་ཡོད།

    བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས“ཀྲུང་གོའི་ལོ་བཅུ·བོད་ལྗོངས”ཞེས་པའི་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག ལོ་བཅུའི་རིང་བོད་ཀྱིས་སྐྱེ་ཁམས་དམངས་ཆེད་དང་སྐྱེ་ཁམས་དམངས་ཕྱུག་མཐའ་འཁྱོངས་བྱས་ནས་སྐྱེ་ཁམས་ཁ་གསབ་ལམ་སྲོལ་བཙུགས་པ་དང་2016ལོ་ནས་བཟུང་རིམ་རྩིས་བྱས་ན་མང་ཚོགས་ལ་སྐྱེ་ཁམས་ལས་གནས་ཁྲི་70ལྷག་ཙམ་མཁོ་འདོན་བྱས་པ་དང་ལོ་རེར་མི་རེར་ཆ་སྙོམས་ཁ་གསབ་སྒོར་3500སྤྲད་ཡོད་ཅེས་གསུངས་པ་རེད།

    ཉེ་བའི་ལོ་ཤས་རིང་། ང་ཚོས་སྐྱེ་ཁམས་དམངས་ཆེད་དང་སྐྱེ་ཁམས་དམངས་ཕྱུག་མཐའ་འཁྱོངས་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་སྤོ་སྒྱུར་གཏོང་སྤྲོད་ལམ་སྲོལ་དང་། ནགས་ཚལ་སྐྱེ་ཁམས་ཕན་འབྲས་ཀྱི་ཁ་གསབ་ལམ་སྲོལ། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་རོགས་དངུལ་དང་བྱ་དགའི་ལམ་སྲོལ་བཅས་འཐུས་སྒོ་ཚང་དུ་གཏོང་བ། སྐྱེ་ཁམས་ཁ་གསབ་ལམ་སྲོལ་འཛུགས་པ་བཅས་བྱས་ཏེ་སྐྱེ་ཁམས་ཁ་གསབ་མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར་300ཙམ་དོན་འཁྱོལ་བྱས་ཡོད།

    གཞན་ཡང་། རང་ལྗོངས་ཀྱིས་ད་དུང་ས་མཐོའི་ལྗང་མདོག་ཞིང་འབྲོག་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བས་སྤྱི་གནོད་མེད་པའི་ཞིང་ལས་ཐོན་རྫས་དང་། གནོད་མེད་བཟའ་བཅའ། སྐྱེ་ལྡན་ཞིང་ལས་ཐོན་རྫས་དང་ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་ཐོན་རྫས་བཅས་ཀྱི་བསྡོམས་འབོར་1014ཟིན་པ་དང་སྐྱེ་ཁམས་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་རྟེན་གཞི་འབོར་ཆེན་ཞིག་གཅིག་རྗེས་གཉིས་མཐུད་ངང་བསྐྲུན་ཡོད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུའི་ཐོག་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་ཁྲིད་ཀྱི་ཁ་ཕྱོགས་བརྒྱུད་སྙིང་རུས་ལྷོད་མེད་དང་མུ་མཐུད་འབད་བརྩོན་བྱས་ནས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་སའི་གོ་ལའི་གླིང་སྣེ་གསུམ་པའི་སྐྱེ་ཁམས་ལ་སྲུང་སྐྱོང་ཏན་ཏིག་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།