དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ལྷ་ས་གྲོང་ཁྱེར་གྱིས་ཨར་སྐྲུན་དང་མཛེས་བཟོའི་གད་སྙིགས་ཐོན་ཁུངས་ཅན་གྱི་གཙང་སེལ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-12

    ཉེ་བའི་ལོ་ཤས་རིང་། “གད་སྙིགས་གཙང་སེལ”དང་། “ཅན་གསུམ” “གད་སྙིགས་མེད་པའི་གྲོང་ཁྱེར” “གད་སྙིགས་ནོར་བུར་འགྱུར་བ”བཅས་དང་ས་ཞིང་ཐོན་ཁུངས་གྲོན་ཆུང་བྱེད་པའི་དམིགས་ཚད་མངོན་འགྱུར་དང་ཨར་སྐྲུན་དང་མཛེས་བཟོའི་གད་སྙིགས་ཚད་ལྡན་ངང་དོ་དམ་དང་ཚན་རིག་དང་མཐུན་པའིགཙང་སེལ་བྱེད་ཐབས་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་ཨར་སྐྲུན་དང་མཛེས་བཟོའི་གད་སྙིགས་ཐོན་ཁུངས་ཅན་གྱི་བེད་སྤྱོད་གཙང་སེལ་ལྟེ་གནས་ཐོག་མ་ཚོད་ལྟའི་ངང་སྤྱོད་འགོ་ཚུགས་ཤིང་། མིག་སྔར་ཉིན་ལྟར་ཨར་སྐྲུན་དང་མཛེས་བཟོའི་གད་སྙིགས་ཏུན་ཆིག་སྟོང་ལྷག་ཙམ་གཙང་སེལ་བྱས་ནས་བསྐྱར་སྐྱེས་ཐོན་ཁུངས་འཁོར་རྒྱུག་བེད་སྤྱོད་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བཏོད་་ཡོད།

    ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་ཅན་གྱི་འཕེལ་རིམ་རྒྱུན་ཆད་མེད་པར་མགྱོགས་སུ་ཕྱིན་པར་བརྟེན་ཨར་སྐྲུན་དང་མཛེས་བཟོའི་གད་སྙིགས་ཐོན་ཚད་ལོ་རེ་བཞིན་མང་དུ་འགྲོ་བ་དང་གྲོང་ཁྱེར་ཡོངས་ཀྱི་ཨར་སྐྲུན་དང་མཛེས་བཟོའི་གད་སྙིགས་ཐོན་ཁུངས་ཅན་གྱི་བེད་སྤྱོད་གཙང་སེལ་ལྟེ་གནས་ཀྱི་ནུས་པ་འཐུས་སྒོ་ཚང་དུ་ཕྱིན་པས། ལྷ་ས་གྲོང་ཁྱེར་གྱི་ཨར་སྐྲུན་དང་མཛེས་བཟོའི་གད་སྙིགས་ཐོན་ཁུངས་ཅན་གྱི་བེད་སྤྱོད་ཆུ་ཚད་མཐོ་རུ་གཏོང་བ་དང་གྲོང་ཁྱེར་གྱི་གཟུགས་བརྙན་ལེགས་སུ་གཏོང་བར་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་ཨར་སྐྲུན་དང་ མཛེས་བཟོའི་གད་སྙིགས་ཐོན་ཁུངས་ཅན་གྱི་བེད་སྤྱོད་གཙང་སེལ་ལྟེ་གནས་ཆུ་ཤུར་རྫོང་མཉེས་ཐང་ཤང་བདེ་སྐྱིད་གྲོང་ཚོའི་ཚོགས་ཆུང་བཞི་པར་གནས་པ་དང་། ལོ་ལྟར་ཨར་སྐྲུན་དང་མཛེས་བཟོའི་གད་སྙིགས་ཏུན་ཁྲི་30གཙང་སེལ་བྱས་ནས་གད་སྙིགས་98%ཐོན་ཁུངས་ཅན་གྱི་བེད་སྤྱོད་གཏོང་གི་ཡོད་པ་མ་ཟད། ཨར་སྐྲུན་དང་མཛེས་བཟོའི་གད་སྙིགས་ཁག་གཅིག་སླར་ཡང་བསྐྱར་སྐྱེས་ཨར་འདམ་དང་བསྐྱར་སྐྱེས་སོ་ཕག་སོགས་ལས་གྲྭའི་འཛུགས་སྐྲུན་ཐོན་རྫས་བཟོས་ཏེ། མི་སྐྱོད་ལམ་དང་སྡོད་ཁང་འཛུགས་སྐྲུན་ལ་སྤྱོད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།