དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྒུལ་བདེའི་ཁྲིམས་འཛིན་མ་ལག་གསར་པ་དངོས་སུ་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-10

    ཉེ་ཆར། རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གིས་ཞིབ་འཇུག་གསར་སྤེལ་གྱི་བརྒྱུད་རིམ་ཧྲིལ་པོར་ཞུགས་ནས་ཞིབ་སྤེལ་བྱས་པའི“བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྒུལ་བདེའི་ཁྲིམས་འཛིན་མ་ལག(པར་གཞི་གསར་པ)”དངོས་སུ་སྤྱོད་འགོ་ཚུགས་པ་དང་འབྲེལ་སྐྱེ་ཁམས་ཁོར་ཡུག་པུའི་ཁྲིམས་འཛིན་དོ་དམ་ལས་སྟེགས་དང་དྲ་སྦྲེལ་ཐུབ་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། སྐྱེ་ཁམས་ཁོར་ཡུག་གི་སྒུལ་བདེའི་ཁྲིམས་འཛིན་མ་ལག་གསར་པའི་ནང་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འཛིན་དོ་དམ་ལས་སྟེགས་དང་། སྒུལ་བདེའི་ཁྲིམས་འཛིན་གྱི་APP(ཁ་པར་དུད་སྣེ)ལག་ཁྱེར་གློག་ཀླད་ཀྱི་དུད་སྣེ་བཅས་ཆ་ཤས་ཆེ་གྲས་གསུམ་ཚུད་ཡོད་པ་དང་། འདུས་གྲུབ་ལས་འགན་མངགས་གཏོང་དང་། ས་གནས་ས་ཐོག་གི་ཁྲིམས་འཛིན་དྲ་ཕྱིའི་བཀོལ་སྤྱོད། སྲིད་འཛིན་ཁྲིམས་གཅོད་ཚད་གཞི་སོགས་ཀྱི་ནུས་པ་ཚུད་ཡོད་པ་རེད། “ངེས་གནས་འབྱོར་ཐོ་འགོད་པ་དང་། ལག་ཁྱེར་གསལ་སྟོན་གྱིས་གསལ་བཤད། ཆ་འཕྲིན་ཞིབ་བསྡུར། ས་གནས་ས་ཐོག་ཏུ་དཔང་ལེན། ཟིན་ཐོ་འགོད་པ། པར་འདེབས་མཉམ་སྤྱོད། ལས་འགན་མཇུག་འགྲིལ་བ”བཅས་ཀྱི་དཔེ་དབྱིབས་ཅན་གྱི་ལས་ཀའི་བརྒྱུད་རིམ་བདུན་བརྒྱུད་ནས་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འཛིན་བརྒྱུད་རིམ་ཧྲིལ་པོར་ཤུལ་འཇོག་པ་དང་འགན་འཁྲི་བདའ་འདེད་གཏོང་ཆོག་གི་ཡོད་པ་རེད།

    ལྗོངས་ཡོངས་ཀྱི་རིམ་ཁག་སྐྱེ་ཁམས་ཁོར་ཡུག་ཁྲིམས་འཛིན་མི་སྣས་མ་ལག་གི་མཐའ་སྣེ་ཚད་ལྡན་ངང་སྤྱོད་རྒྱུར་འགན་ལེན་བྱས་ནས་སྒུལ་བདེའི་ཁྲིམས་འཛིན་ཆ་འཕྲིན་འཐུས་ཚང་བཟོ་ཆེད། རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གིས་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྒུལ་བདེའི་ཁྲིམས་འཛིན་མ་ལག་གསོ་སྦྱོང་ཚོགས་འདུ་འཚོགས་པ་དང་སྒུལ་བདེའི་ཁྲིམས་འཛིན་མ་ལག་གསར་པར་འགྲེལ་བཤད་ཞིབ་ཕྲ་དང་དངོས་སྦྱོང་དཔེ་སྟོན་བྱས་པ་རེད། མིག་སྔར་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འཛིན་སྒྲིག་གཞི་81དང་འཐབ་ས་དང་པོའི་ཁྲིམས་འཛིན་མི་སྣ་336ཚང་མར་སྒུལ་བདེའི་ཁྲིམས་འཛིན་མ་ལག་པར་གཞི་གསར་པའི་APPསྒྲིག་སྦྱོར་བྱས་པས་ཁྲིམས་འཛིན་བྱེད་སྟངས་ལེགས་སུ་ཕྱིན་པ་མ་ཟད། ཁྲིམས་འཛིན་གྱི་ཕན་འབྲས་ཀྱང་ནུས་ལྡན་ངང་ཆེ་རུ་ཕྱིན་ནས་སྐྱེ་ཁམས་ཁོར་ཡུག་གི་སྒུལ་བདེའི་ཁྲིམས་འཛིན་གྱི“གྲངས་གཞི་འཚོལ་ཐུབ་པ་དང་། ཁྲིམས་འཛིན་བྱེད་རིང་ཡག་པོ་སྤྱོད་ཐུབ་པ། ཁྲིམས་འགལ་རིགས་ལ་དོ་དམ་བྱེད་ཐུབ་པ”བཅས་ཀྱི་ཞིབ་ཕྲ་ཅན་གྱི་ཁྲིམས་འཛིན་ཕན་འབྲས་རིམ་བཞིན་མངོན་འགྱུར་ཐུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།