དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་གྱི“བོད་དུ་ང་ལ་ཤིང་སྡོང་ཞིག་ཡོད”ཅེས་པའི་སྤྱི་ཕན་རྣམ་གྲངས་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-09

    ཚེས་6ཉིན། ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་བཀོད་འདོམས་པུའི་གཞུང་དོན་ཁང་དང་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གིས་གཙོ་གཉེར་བྱས་པ་དང་། རང་སྐྱོང་ལྗོངས་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པས་གཉེར་འགན་འཁུར་བའི་ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་གྱི“བོད་དུ་ང་ལ་ཤིང་སྡོང་ཞིག་ཡོད”ཅེས་པའི་སྤྱི་ཕན་རྣམ་གྲངས་ལྷ་སའི་ལྷོ་རི་སྤྱི་གླིང་དུ་དངོས་དུ་སྤེལ་འགོ་ཚུགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཤའོ་ཡིའུ་ཚའེ་མཛད་སྒོར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པ། གཞུང་དོན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་འཇམ་དཔལ་གྱིས་མཛད་སྒོ་གཙོ་སྐྱོང་གནང་བ་རེད།

    ཤའོ་ཡིའུ་ཚའེ་ཡིས། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ད་ཐེངས་ཀྱི་སྤྱི་ཕན་རྣམ་གྲངས་སྤེལ་འགོ་ཚུགས་པ་གོ་སྐབས་སུ་བྱས་ཏེ། སྤྱི་ཚོགས་ལས་རིགས་ཁག་གི་སྟོབས་ཤུགས“བོད་དུ་ང་ལ་ཤིང་སྡོང་ཞིག་ཡོད”ཅེས་པའི་སྤྱི་ཕན་རྣམ་གྲངས་ནང་ཞུགས་པར་སྒྲིག་འཛུགས་དང་སྐུལ་སློང་ཧུར་ཐག་བྱས་ནས། བྱས་འབྲས་ཐོབ་པར་ངས་མི་རྩོད་པའི་བསམ་བློའི་གོ་རྟོགས་དང་བྱས་རྗེས་འཇོག་པར་ང་ཡིས་འབད་པའི་འགན་འཁྲི་འཁུར་ནུས་ལ་བརྟེན་ནས། མཛེས་སྡུག་ལྡན་པ་དང་སྡོད་མལ་ལ་འཚམ་པའི་གངས་ལྗོངས་ས་མཐོ་དང་མི་ཚང་མས་རེ་སྨོན་བྱེད་པའི་སྐྱེ་ཁམས་མཐོ་ས་མཉམ་དུ་འཛུགས་སྐྲུན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འཇམ་དཔལ་གྱིས་ཞལ་འདེབས་ཁས་ལེན་བྱས་འབྲས་ཁྱབ་བསྒྲགས་གནང་ཞིང་། ཁོང་གིས། སྤྱི་ཚོགས་ལས་རིགས་ཁག་གི་གཅེས་སེམས་ལེགས་སྐྱེས་ལ་ལྷག་པར་གཅེས་སྤྲས་བྱས་ཏེ་ཞལ་འདེབས་ཕུལ་བའི་མ་དངུལ་བེད་སྤྱོད་ཡག་པོ་དང་། བེད་སྤྱོད་གང་ལེགས། བེད་སྤྱོད་གནད་འཁེལ་བཅས་བྱས་ནས་གཅེས་སེམས་ཀྱི་སྡོང་པོ་རེ་རེ་བདེ་ཐང་ངང་འཚར་ལོངས་ཡོང་བར་བྱེད་དགོས་ཞེས་གསུངས་པ་རེད། རྒྱལ་ཡོངས་སྔོ་འགྱུར་ཨུ་ལྷན་གཞུང་དོན་ཁང་གི་ཆེད་བསྐོས་ཀྲུའུ་རེན་གཞོན་པ་ཧུའུ་ཀྲང་ཚུའེ་དང་ཀྲུང་ཧྭ་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པའི་དྲུང་ཆེ་གཞོན་པ་ཙེང་ཁྲུན་ཀོང་གདན་ཞུས་ལྟར་བྱེད་སྒོར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།