དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ཀྱིས་གསར་བརྗེའི་ཡུལ་སྐོར་ལམ་ཐིག་བདུན་ཡོངས་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-12

    ཉིན་ཤས་གོང་། ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་གཙོ་གཉེར་བྱས་པ་དང་མི་དམངས་དྲ་བ་མ་རྐང་ཚད་ཡོད་ཀུང་སི་བོད་ལྗོངས་ཡན་ལག་ཀུང་སི་དང་རང་སྐྱོང་ལྗོངས་ཆེད་དོན་ཡུལ་སྐོར་མཐུན་ཚོགས་ཀྱིས་སྒྲུབ་འགན་འཁུར་བའི“ལོ་བརྒྱའི་ཁྱད་འཕགས། གཟི་དཔལ་རྒྱས་སྒང”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་བོད་ཀྱི་གསར་བརྗེའི་ཡུལ་སྐོར་ལམ་ཐིག་ཡོངས་བསྒྲགས་ཀྱི་ཚོགས་འདུ་ཐན་ཀོན་སན་དྲན་གསོ་ཁང་དུ་འཚོགས་ཤིང་། ལྷ་སའི་ཉིན་གཅིག་གི་གསར་བརྗེའི་ཡུལ་སྐོར་ལམ་ཐིག(འོད་སྟོང་འབར་བའི་མཆོང་སྐྱོད་ནས་ལྷ་སར་ལྟ་བ)དང་། གཞིས་རྩེའི་ཉིན་གཉིས་ཀྱི་གསར་བརྗེའི་ཡུལ་སྐོར་ལམ་ཐིག(ཇོ་མོ་གླང་མ་གནས་ཡུལ་གྱི་མཛེས་ལྗོངས)ལྷོ་ཁའི་ཉིན་གསུམ་གྱི་གསར་བརྗེའི་ཡུལ་སྐོར་ལམ་ཐིག(ལེགས་པོའི་སྟག་མའི་མེ་ཏོག་ལྷག་པར་བཞད)ཉིང་ཁྲི་ནས་ལྷོ་ཁ་བར་གྱི་ཉིན་བཞིའི་གསར་བརྗེའི་ཡུལ་སྐོར་ལམ་ཐིག(མཛེས་སྡུག་ལྡན་པའི་གྲོང་གསེབ་མྱོང་རོལ་བྱས་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པ)ཆབ་མདོ་ནས་ཉིང་ཁྲི་བར་གྱི་ཉིན་ལྔའི་གསར་བརྗེའི་ཡུལ་སྐོར་ལམ་ཐིག(གསར་བརྗེའི་ལོ་རྒྱུས་བསྐྱར་དྲན་བྱས་ནས་འབད་འཐབ་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱེད)ནག་ཆུ་ནས་གཞིས་རྩེ་བར་གྱི་ཉིན་དྲུག་གི་གསར་བརྗེའི་ཡུལ་སྐོར་ལམ་ཐིག(རང་བྱུང་འོབས་ཆེན་གྱི་བགྲོད་ལམ་མྱོང་རོལ་བྱས་ནས་ལམ་གཉིས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱེད)མངའ་རིས་ནས་གཞིས་རྩེ་བར་གྱི་ཉིན་བཅུ་གཅིག་གི་གསར་བརྗེའི་ཡུལ་སྐོར་ལམ་ཐིག་བཅས་གསར་བརྗེའི་ཡུལ་སྐོར་ལམ་ཐིག་བདུན་གཙོ་བོ་ངོ་སྤྲོད་བྱས་པ་རེད།

    “གསར་བརྗེའི་ཡུལ་སྐོར་ནི་བསམ་བློའི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་དང་བོད་ཀྱི་ཡུལ་སྐོར་ལས་རིགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་ཆེན་པོ་འཕྲད་ཡོད་པ་རེད། ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་ཏང་ཙུའི་ཁོངས་མི་རིམ་པ་དང་པོའི་སྐོར་གཟིགས་པ་དབང་ཞའོ་ཏུང་གིས“གསར་བརྗེ+”ཀྱི་མཉམ་འདྲེས་ཡུལ་སྐོར་ཐོན་རྫས་མ་ལག་མང་པོ་ཁྱབ་གདལ་བཏང་ནས་ལམ་རྒྱུད་ཀྱི་སྐྱེ་ཁམས་ཡུལ་སྐོར་དང་། མི་ཆོས་རིག་གནས་ཡུལ་སྐོར། གྲོང་གསེབ་ཡུལ་སྐོར་བཅས་འབྲེལ་མཐུད་བྱས་ཏེ་གསར་བརྗེའི་ཡུལ་སྐོར་གྱིས་གསར་བརྗེའི་ས་བོན་རྒྱུན་འཛིན་དང་ས་གནས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་སོགས་དགེ་མཚན་ལྡན་པའི་ནུས་པ་སྔར་བས་འདོན་སྤེལ་བྱས་ནས་ཡུལ་སྐོར་བས་གངས་ལྗོངས་ས་མཐོའི་ལྟ་ན་སྡུག་པའི་མཛེས་ལྗོངས་ཉམས་སུ་མྱོང་བ་དང་ཆབས་ཅིག་བོད་ཀྱི་ངོ་མཚར་ཆེ་བའི་ལོ་རྒྱུས་ཤེས་རྟོགས་དང་། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན། རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་བོད་ཀྱི་གསར་བརྗེའི་ཡུལ་སྐོར་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།