དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • རི་སྔོན་ཆུ་དྭངས་སྲུང་སྐྱོང་བྱས་ནས་སྐྱེ་ཁམས་ཁོར་ཡུག་ལེགས་སུ་བཏང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛次仁   |     སྤེལ་དུས།  2022-07-08

    སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ནི་ཡུལ་སྐོར་ལས་རིགས་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་རྨང་གཞི་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་ཡུལ་སྐོར་ལས་རིགས་རྒྱུན་མཐུད་འཕེལ་རྒྱས་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ཤིང་། “ཡུལ་སྐོར་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཕན་པ་ཐོབ་མཁན་ཡིན་ལ་ལེགས་སྐྱེས་འབུལ་མཁན་ཡང་ཡིན་པའི”འདུ་ཤེས་བརྟན་པོར་བཙུགས་ཏེ་དཔལ་འབྱོར་དང་། སྤྱི་ཚོཌ། ཁོར་ཡུག་བཅས་རྒྱུན་མཐུད་ཐུབ་པ་ཡུལ་སྐོར་འཕེལ་རྒྱས་ཀྱི་ལྡོག་མེད་བླང་བྱར་བརྩིས་ནས་ཁོར་ཡུག་སྲུང་སྐྱོང་དང་། ཆེད་ལས་ཀྱི་སྙིང་སྟོབས། རིག་གནས་ཀྱི་རིན་ཐང་སོགས་ཡུལ་སྐོར་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་བྱས་ཏེ་ཡུལ་སྐོར་ལས་རིགས་ལྗང་མདོག་ཐཱན་ཉུང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་བྱས་ཡོད།

    འཆར་འགོད་ཀྱི་ཁྲིད་སྟོན་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་ལྗང་མདོག་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་བཏང་ཡོད། “རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པ་དང་གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི་ཡིན་པའི”འདུ་ཤེས་ཐོག་མཐའ་བར་གསུམ་དུ་ལག་ལེན་བསྟར་ནས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པའི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཡོད། ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ལྗང་མདོག་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་གཙོ་གནད་ཞིབ་འཇུག་བྱ་གཞིར་བརྩིས་ཏེ། གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་ཐོན་ཁུངས་རིགས་དབྱེ་གཙོར་བཟུང་ཞིང་། ཡུལ་སྐོར་ཐོན་ཁུངས་སྣ་ཚོགས་ཀྱི་རིམ་པ་དང་། སྒོ་དབྱེ། སྲུང་སྐྱོང་སོགས་ཀྱི་བླང་བྱ་ཁ་གསལ་བཟོས་ཏེ་གཞི་གྲངས་དང་གསལ་ཐོ་ཡོད་པར་བྱས་ཡོད། མིག་སྔར་ལྷ་ས་གྲོང་ཁྱེར་དུ་རང་བྱུང་ཐོན་ཁུངས་རྐྱང་པའི་གྲངས་འབོར་116ཡོད་པ་དང་། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་2དང་། རང་སྐྱོང་ལྗོངས་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་1 གྲོང་ཁྱེར་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་3 རྒྱལ་ཁབ་ནཌ་ཚལ་སྤྱི་གླིང་2 རྒྱལ་ཁབ་ས་གཤིས་སྤྱི་གླིང་1 གྲོང་ཁྱེར་རིམ་པའི་སྐྱེ་ཁམས་ནུས་པ་སྲུང་སྐྱོང་ཁུལ་18 རྒྱལ་ཁབ་རིམ་པའི་གྲགས་ཅན་མཛེས་ལྗོངས་ཁུལ་1བཅས་ཡོད་པ་རེད།

    གནད་སྨིན་ཤུགས་འདོན་མངོན་གསལ་ཡོང་བར་བྱས་ཏེ་ཡུལ་སྐོར་ཐོན་ལས་ཀྱི་ཆུ་ཚད་མཐོ་རུ་བཏང་ཡོད། སྲུང་སྐྱོང་དང་འཕེལ་རྒྱས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་མཐའ་འཁྱོངས་ཀྱིས་ཡུལ་སྐོར་ཁེ་ལས་ཀྱི་བཙོག་ཆུ་ཕྱིར་འབུད་དང་། སྦགས་བཙོག་དངོས་རྫས་གཙང་སེལ། ཟ་ཁང་གི་གད་སྙིགས་རིགས་དབྱེ་སོགས་ཀྱི་གནད་དོན་ལ་ལྟ་སྐུལ་ནན་པོ་བྱས་ནས་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཁེ་ལས་ཀྱི་ཁོར་ཡུག་འཕྲོད་བསྟེན་ཕྱོགས་ཡོངས་ནས་ལེགས་སུ་བཏང་སྟེ་གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་ཁོར་ཡུག་མཛེས་སྡུག་ལྡན་པ་དང་གཙང་སྦྲ་དོད་པའི་འགན་ལེན་ཏན་ཏིག་བྱས་པ་རེད། 2021ལོ་ཧྲིལ་པོར་ཡུལ་སྐོར་བ་མི་ཐེངས་ཁྲི་2643.9ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་377.77ཟིན་པ་དེ་དུས་མཚུངས་ལས་31.66%དང་25.15%འཕར་ཡོད། ཡུལ་སྐོར་ཐོན་ལས་ཀྱི་གཞི་ཁྱོན་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ནས་གྲོང་ཁྱེར་ཡོངས་སུ་སྐར་མ་རིམ་པའི་མགྲོན་ཁང(གསོལ་མགྲོན་ཁང)91དང་Aརིམ་པའི་མཛེས་ལྗོངས་ཁུལ་28ཡོད་པ་རེད།

    དྲིལ་བསྒྲགས་གཙིགས་ཆེར་འཛིན་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱས་ནས་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་ཟབ་ཏུ་བཏང་ཡོད། ལྗང་མདོག་ཇུས་འགོད་དང་། ནུས་གཙང་ཐོན་སྐྱེད། ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་། ལྗང་མདོག་འཛད་སྤྱོད་བཅས་དར་སྤེལ་ཤུགས་ཆེན་བཏང་བ་དང་། ཐབས་ལམ་མང་པོར་བརྟེན་ནས་སྐྱེ་ཁམས་ཤེས་དཔལ་དྲིལ་བསྒྲགས་བྱས་ནས་སྤྱི་དམངས་ཀྱི་གྲོན་ཆུང་གི་འདུ་ཤེས་དང་། ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས། སྐྱེ་ཁམས་ཀྱི་འདུ་ཤེས་བཅས་ཟབ་ཏུ་བཏང་ཞིང་། ལྷ་སའི་རང་བྱུང་སྐྱེ་ཁམས་ཐོན་ཁུངས་ཁྱབ་གདལ་ཤུགས་ཆེན་བཏང་སྟེ“ལྷ་སའི་བྱང་སྐོར་ལམ་རྒྱུད”ཀྱི་ཡུལ་སྐོར་ཐོན་རྫས་གཙོ་གནད་དུ་བཟུང་སྟེ་བོད་ཤར་ལྷོའི་ཡུལ་སྐོར་ཁྱབ་གདལ་དང“དགུན་དུས་ལྷ་སར་ཡུལ་སྐོར་བྱེད་པའི”སྐོར་སྐྱོད་ཁྱབ་གདལ། སྐད་འཕྲིན་དང་ཁྱུག་དབྱིངས་སོགས་སྨྱན་སྦྱོར་གསར་པར་བརྟེན་ནས་ལྗོངས་ཕྱི་ནང་དུ་ལྷ་སའི“མཁའ་རླུང་གཙང་མ་དང་། ས་གཙང་། ཆུ་དྭངས། བག་ཕེབས”བཅས་ཀྱི་སྐྱེ་ཁམས་ཐོན་ཁུངས་ནུས་ཤུགས་ཡོད་རྒུས་དྲིལ་བསྒྲགས་བྱས་ཡོད།

    “2022ལོར་ལྷ་ས་གྲོང་ཁྱེར་གྱིས‘རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པ་དང་གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི་ཡིན་པའི’འདུ་ཤེས་མུ་མཐུད་ལག་ལེན་བསྟར་ནས་སྐྱེ་ཁམས་སྲུང་སྐྱོང་དང་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ལ་མཐའ་གཅིག་ཏུ་སྐུལ་འདེད་བཏང་བ་རེད། དུས་མཚུངས་སུ་ཁྲོམ་རར་བཅོས་སྒྲིག་དང་། སྒྲིག་བཀོད་འཛུགས་སྐྱོང་། དྲིལ་བསྒྲགས་ཁྱབ་གདལ། ཞབས་ཞུའི་སྤུས་ཚད་མཐོར་གཏོང་སོགས་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ལོ་ཧྲིལ་པོའི་ལས་དོན་གྱི་དམིགས་ཚད་དང་ལས་འགན་ལེགས་གྲུབ་ཡོང་བའི་འགན་ལེན་བྱས་ཏེ་ལྷ་སའི་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད། ཡུལ་སྐོར་ཐོན་ལས་ཀྱི་རྣམ་གྲངས་མགྱོགས་མྱུར་འཛུགས་སྐྲུན་བྱེད་པ་དང་། ལྟེ་བའི་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་མཐོར་གཏོང་གིས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ནས་གནམ་མཚོའི་མཛེས་ལྗོངས་ཁུལ་དང་། ཀྲི་ལུང་བའི་སྐྱེ་ཁམས་མཛེས་ལྗོངས་ཁུལ། ལྕགས་པོ་རིའི་མཛེས་ལྗོངས་ཁུལ། འཕན་པོ་ཞིང་རའི་མཛེས་ལྗོངས་ཁུལ་སོགས་ཀྱི་འཛུགས་སྐྲུན་ལ་ལྕག་སྐུལ་དང་ཁྲིད་སྟོན་བྱས་ཏེ་ཡོང་འབབ་སྔར་བས་མཐོ་རུ་གཏོང་རྒྱུ་རེད”ཅེས་ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།