དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ནགས་དཔོན་35185ཚང་མར་འགན་གཙང་འབྲེལ་གཏུག་གི་འགན་འཁྲིའི་ཁུལ་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛次仁   |     སྤེལ་དུས།  2022-07-08

     ཚེས་6ཉིན་གྱི་སྔ་དྲོར་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་ནགས་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བའི་ལས་དོན་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད། གསར་འགོད་པར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2022ལོའི་ཟླ་ལྔ་པའི་ཟླ་མཇུག་བར་ལྗོངས་ཡོངས་སུ་རིམ་ལྔའི་ནགས་དཔོན་གྱི་རྩ་འཛུགས་མ་ལག་སྤྱིར་ན་བཙུགས་ཟིན་པ་དང་། ནགས་དཔོན་35185ཡོད་པ་ལས། རང་སྐྱོང་ལྗོངས་རིམ་པའི་ནགས་དཔོན་59དང་། ས་ཁུལ(གྲོང་ཁྱེར)རིམ་པའི་ནགས་དཔོན་313 རྫོང(ཆུས)རིམ་པའི་ནགས་དཔོན་2381 ཤང་དང་གྲོང་རྡལ་རིམ་པའི་ནགས་དཔོན་6819 གྲོང་ཚོ་རིམ་པའི་ནགས་དཔོན་25613བཅས་ཡོད་པ་རེད། རང་སྐྱོང་ལྗོངས་ཀྱི་སྤྱི་ཁྱབ་ནགས་དཔོན་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་འགན་ཁུར་གྱི་ཡོད། རང་སྐྱོང་ལྗོངས་ཀྱི་ནགས་དཔོན་ལམ་ལུགས་ཀྱི་ལས་ཀའི་ལམ་ལུགས་ཁག་རགས་ཙམ་བཙུགས་ཟིན་ནས། ལྗོངས་ཡོངས་ཀྱི་རིམ་ཁག་ནགས་དཔོན་གྱི་འགན་གཙང་འབྲེལ་གཏུག་གི་འགན་འཁྲིའི་ཁུལ་སྤྱིར་ན་བགོས་ཟིན་པས། ནགས་ཚལ་དང་རྩྭ་རའི་ཐོན་ཁུངས་ས་ཁོངས་ཡོངས་ལ་ཁྱབ་པ་དང་། འབྱུང་རྩ་ནས་དོ་དམ་བྱེད་པའི་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་སྤྱིར་ན་ཆགས་ཡོད།

    “ཏང་སྲིད་འགོ་ཁྲིད་གཙོ་བོས་ནགས་ཚལ་དང་རྩྭ་རའི་ཐོན་ཁུངས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བར་བྱེད་པོའི་འགན་འཁྲི་འཁུར་བ་ནི་ནགས་དཔོན་ལམ་ལུགས་སྒྱུར་བཅོས་བྱེད་པའི་འགག་རྩ་ཞིག་རེད། ཏང་ཨུད་དང་སྲིད་གཞུང་གི‘འགོ་ཁྲིད་གཙོ་བོ་ཨང་དང་པོས’རང་འགུལ་ངང་ནགས་ཚལ་དང་རྩྭ་རའི་ཐོན་ཁུངས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་པ་དང་། རིམ་པ་གཅིག་གིས་རིམ་པ་གཅིག་ལ་དམ་འཛིན། རིམ་པ་བཞིན་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཚེ། ‘འགག་རྩའི་ཉུང་ཤས’ཀྱིས‘མང་ཆེ་བར’དཔེ་སྟོན་སྣེ་ཁྲིད་བྱས་ནས་ནགས་ཚལ་དང་རྩྭ་རའི་སྐྱེ་ཁམས་འཛུགས་སྐྲུན་གྱི་དམིགས་ཚད་ལས་འགན་དང་བྱ་ཐབས་དོན་འཁྱོལ་ཞིབ་ཚགས་ཡོང་བར་སྐུལ་འདེད་གཏོང་ཐུབ”ཅེས་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧུའུ་ཀྲེ་ཀོང་གིས་བཤད།

    ངོ་སྤྲོད་བྱས་པར་གཞིགས་ན། རང་སྐྱོང་ལྗོངས་ཀྱིས་རིམ་ཁག་ནགས་དཔོན་གྱི་འགན་འཁྲིའི་ཁུལ་གྱི་མངོན་གསལ་དོད་སར་ནགས་དཔོན་གྱི་ཡོངས་བསྒྲགས་བྱང་བུ་བཙུགས་ནས་འགན་འཁྲིའི་ཁུལ་གྱི་ནགས་ཚལ་དང་རྩྭ་རའི་ཐོན་ཁུངས་གནས་ཚུལ་མདོར་བསྡུས་དང་། ནགས་དཔོན་གྱི་མིང་། ལྟ་སྐུལ་གྱི་ཁ་པར་བཅས་ཡོངས་བསྒྲགས་བྱ་རྒྱུ་ཡིན་པ་དང་། སྤྱི་ཚོགས་ཀྱི་སྤྱི་དམངས་ཀྱིས་རྒྱུན་གཏན་འཚོ་བའི་ནང་ནགས་ས་དང་། རྩྭ་ར། འདམ་ར་བཅས་ཁྲིམས་འགལ་ངང་བཟུང་སྤྱོད་དང་། ནགས་ཤིང་ལྐོག་ཏུ་གཅོད་པ། ནགས་ཚལ་དང་རྩྭ་ར་གཏོར་བརླག་བཏང་ནས་གསར་སྦོལ་བྱེད་པ། ལྐོག་ཏུ་རི་སྐྱེས་སྲོག་ཆགས་རྔོན་པ། གནའ་སྡོང་རྩ་ཆེན་ལ་གཏོར་བཤིག་གཏོང་བ། ནགས་ཚལ་དང་རྩྭ་རར་མེ་སྐྱོན་སྔོན་འགོག་བྱེད་རིང་མེ་གཏོང་མི་ཆོག་པའི་ཁུལ་དུ་གཏན་འབེབས་ལས་འགལ་ནས་མེ་གཏོང་བ་སོགས་ཀྱི་བྱེད་སྤྱོད་དང་། དེ་བཞིན་ས་གནས་ཏང་ཨུད་དང་སྲིད་གཞུང་དང་འགོ་ཁྲིད་ལས་བྱེད་པས་ནགས་ཚལ་དང་རྩྭ་རའི་ཐོན་ཁུངས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བའི་ལས་དོན་ཡག་པོ་མ་བསྒྲུབས་པའི་དབང་གིས་ནགས་ཚལ་དང་རྩྭ་རའི་ཐོན་ཁུངས་ལ་གཏོར་སྐྱོན་ཚབས་ཆེན་བཟོས་པ་སོགས་ཀྱི་གནད་དོན་ཤེས་ཚེ། ས་གནས་ཁག་གི་ནགས་དཔོན་ལ་ཐེར་འདོན་གོང་ཞུ་བྱེད་ཆོག་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།