དབྱར་ཉི་ལྡོག་ཀྱི་དུས་ཚིགས་རིང་།བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་གནས་པའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྷ་ཀླུ་འདམ་རར་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་ཞིང་། ཉེ་བའི་ལོ་ཤས་རིང་། “ལྷ་སའི་གློ་བ”ཞེས་པའི་མཚན་སྙན་ཐོབ་པའི་ལྷ་ཀླུ་འདམ་རས་བདག་སྐྱོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ལྷ་ཀླུ་འདམ་རའི་ཐུན་མིན་གྱི་མཐོ་གྲང་འདམ་རའི་སྣོད་བཅུད་མ་ལག་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད་པ་རེད།