ཁོངས་གཏོགས་ཁུལ་གྱི་ཆུ་ལམ་གཙང་སེལ་བྱས་ནས་མཛེས་སྡུག་ལྡན་པའི་ཁོར་ཡུག་བཏོད་པ།
ཆུ་དཔོན་ལམ་ལུགས་ཀྱི་ལས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། ཆུ་དཔོན་གྱི་འགན་འཁྲི་ཏན་ཏིག་སྒྲུབ་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། ཆུ་བོའི་སྐྱེ་ཁམས་མ་ལག་སྐྱོན་བྲལ་ངང་སྲུང་སྐྱོང་བཅས་བྱས་ཏེ། “ཆུ་མོ་དྭངས་བ་དང་། ཆུ་ལམ་ཤར་གཏོང་། ཆུ་ངོགས་སྔོ་བ། ཡུལ་ལྗོངས་མཛེས་པ”བཅས་ཀྱི་བཅོས་སྐྱོང་དམིགས་ཚད་མངོན་འགྱུར་བྱ་ཆེད། ཉེ་ཆར་ལྷུན་གྲུབ་རྫོང་དཔལ་འབྱོར་གླིང་ཤང་ཁ་ཡུག་གྲོང་ཚོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱིས་ཁོངས་གཏོཌ་ཁུལ་གྱི་ཆུ་ལམ་གཙང་བཟོའི་ཆེད་དོན་བྱ་སྤྱོད་སྤེལ་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས“སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ལག་ལེན་བསྟར་བ་རེད།
གཅིག་སྡུད་གཙང་བཟོ་བྱས་པ་བརྒྱུད། ཆུ་ལམ་ངོགས་གཉིས་ཀྱི་གཙང་སྦྲ་མངོན་གསལ་དོད་པོས་ཡག་ཏུ་ཕྱིན་ཡོད་པ་རེད། ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། གྲོང་མིའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་ཕྱིན་ནས་གཙང་སྦྲ་དོད་པའི་ཁོར་ཡུག་གཏོད་ཐུབ་པ་མ་ཟད། ད་དུང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ་དང་ཏང་ཡོན་གྱི་ཐུན་མོང་ངོས་འཛིན་གཅིག་སྒྲིལ་ཐུབ་ནས་གཙང་སྦྲ་དོད་པ་དང་། མཛེས་སྡུག་ལྡན་པ། སྐྱིད་སྣང་དོད་པ་བཅས་ཀྱི་འཚོ་བའི་ཁོར་ཡུག་མཉམ་དུ་གཏོད་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།