དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • མཛེས་སྡུག་ལྡན་པའི་ཀྲུང་གོ ཡིད་དབང་འཕྲོག་པའི་བོད་ལྗོངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-19

    b7b3548b-bb71-4f69-bfad-892cdcabcc4c.jpg.jpg

    འདི་ནི་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཁོངས་ཀྱི་ཡར་འབྲོག་གཡུ་མཚོ་ཡིན་པ།

    54b71911-9536-4446-820c-dc5ca658f285.jpg.jpg

    འདི་ནི་ཆུ་འགོ་ཇོ་མོ་གླང་མ་ནས་ཡིན་པའི་རོང་ཕུ་ཆུ་བོ་ཡིན་པ་དང་། ཆུ་བོ་དེའི་སྤུས་ཚད་རིགས་དང་པོའི་ཚད་གཞིར་སླེབས་ཡོད།

    a58df9ed-cc9a-4ea5-8838-330ecaa73f1b.jpg.jpg

    འདི་ནི་ལྷོ་ཁ་གྲོང་ཁྱེར་ནས་པར་བླངས་པའི་བྱ་ཝང་ཡིན་པ།

    08f4d51b-5dfd-42f7-99dc-31bc6c7e0572.jpg.jpg

    འདི་ནི་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ནས་པར་བླངས་པའི་གོ་བོ་ཡིན་པ།

    fa2cc8ed-d236-4196-a355-0929ecc6972e.jpg.jpg

    འདི་ནི་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་གི་འཁྱགས་རོམ་བཞུར་ནས་ཆགས་པའི་ཆུ་བོ་ཡིན་པ།

    299ddff1-e347-4026-b48f-f8fee0244d69.jpg.jpg

    འདི་ནི་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་ནས་པར་བླངས་པའི་གཙོད་ཁྱུ་ཡིན་པ།

    ཉེ་ཆར་བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གིས《2021ལོའི་བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་སྐོར་གྱི་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས་ཤིང་། དེའི་ནང་ཆུ་དང་། རླུང་ཁམས་ཆེ་མོ། སྒྲ། ས་རྒྱུ། འགྱེད་འཕྲོ། ན་ཁ། ནགས་ཚལ། འདམ་ར། སྐྱེ་དངོས་སྣ་མང་རང་བཞིན། རང་བྱུང་སྲུང་སྐྱོང་ཁུལ་སོགས་གཞི་རྩའི་གནས་ཚུལ་ཚུད་ཡོད། སྤྱི་བསྒྲགས་ནང་མངོན་དོན། 2021ལོའི་བོད་ལྗོངས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་སྤྱི་ཡོངས་ནས་བརྟན་པོ་རྒྱུན་འཁྱོངས་བྱུང་ནས་བོད་ལྗོངས་ནི་སྔར་བཞིན་འཛམ་གླིང་ཐོག་གི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ལེགས་ཤོས་ཀྱི་ས་ཁུལ་གྲས་ཤིག་ཡིན་པ་རེད།

    སྤྱི་བསྒྲགས་ནང་མངོན་དོན། 2021ལོར་བོད་ལྗོངས་ཀྱི་གཙང་པོ་དང་མཚོའི་ཆུའི་སྤུས་ཚད་སྤྱིར་ན་ལེགས་པོ་རྒྱུན་འཁྱོངས་བྱུང་སྟེ། རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་དེ་མཚུངས་ཀྱི་ཆུ་ཁོངས་ཀྱི་ཁོར་ཡུག་སྤུས་ཚད་ཀྱི་ཚད་གཞིར་སླེབས་ཡོད། རྫ་ཆུ་དང་། འབྲི་ཆུ། ཡར་ཀླུང་གཙང་པོ། རྒྱལ་མོ་རྔུལ་ཆུ་བཅས་ཀྱི་ཆུའི་སྤུས་ཚད《ས་ངོས་ཆུའི་ཁོར་ཡུག་སྤུས་ཚད་ཚད་གཞིའི》རིགས་གཉིས་པའི་ཚད་གཞིར་སླེབས་པ་དང་། ལྷ་ས་སྐྱིད་ཆུ་དང་། མྱང་ཆུ། ཉང་ཆུ་སོགས་རྒྱུག་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གཙོ་བོའི་ཆུ་བོའི་སྤུས་ཚད་རིགས་གཉིས་པའི་ཚད་གཞིར་སླེབས་པ། ཆུ་འགོ་ཇོ་མོ་གླང་མ་ནས་ཡིན་པའི་རོང་ཕུ་ཆུ་བོའི་ཆུའི་སྤུས་ཚད་རིགས་དང་པོའི་ཚད་གཞིར་སླེབས་པ་བཅས་རེད།

    གངས་ལྗོངས་ས་མཐོའི་རི་སྐྱེས་སྲོག་ཆགས་ཀྱི་རིགས་དང་གྲངས་འབོར་མང་དུ་འགྲོ་བཞིན་ཡོད། སྤྱི་བསྒྲགས་ནང་མངོན་དོན། གཙོད་ཀྱི་ཁྱུའི་གྲངས་འབོར་དུས་རབས་20པའི་ཉུང་ཤོས་སྐབས་ཀྱི་མགོ་གྲངས་ཁྲི་7ལྷག་ཙམ་ནས་མགོ་གྲངས་ཁྲི་30ལྷག་ཙམ་བར་འཕར་བ་དང་། འབྲོང་གི་གྲངས་འབོར་དུས་རབས་20པའི་ཉུང་ཤོས་སྐབས་ཀྱི་མགོ་གྲངས་ཁྲི་1ལྷག་ཙམ་ནས་མགོ་གྲངས་ཁྲི་2ལྷག་ཙམ་བར་མང་དུ་ཕྱིན་པ། ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་དུས་རབས་20པའི་3000ཙམ་ཡང་མ་ཟིན་པ་ནས་ཆིག་ཁྲི་ལྷག་ཙམ་བར་འཕར་བ། ཡུན་ནན་གྱི་སྤྲེལ་ཁྲ་དང་བོད་ལྗོངས་ཀྱི་ཤྭ་བ་སེར་ཆེན་སོགས་རྩ་ཆེ་ལ་སྟོངས་ཉེར་ཡོད་པའི་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་སླར་གསོ་བྱུང་ཚད་མངོན་གསལ་དོད་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།