དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་རྒྱུན་མཐུད་ལེགས་སུ་འགྲོ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-06-15

    ཉེ་དུས་གསར་འགོད་པར་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་ནས་ཤེས་རྟོགས་བྱུང་བར། ཉེ་དུས་བོད་ལྗོངས་ཀྱི་ཡུལ་སྐོར་ཁྲོམ་ར་རྒྱུན་མཐུད་ལེགས་སུ་འགྲོ་བའི་རྣམ་པ་མངོན་བཞིན་ཡོད་པ་དང་ཡུལ་སྐོར་ཚོགས་པ་དང་འཁོར་ཁྲིད་ཡུལ་སྐོར་ཟམ་མི་ཆད་པར་མང་དུ་འགྲོ་བཞིན་ཡོད་པ་རེད། ད་ལོའི་ཟླ་1ནས་5པའི་བར་བོད་དུ་ཡོང་མཁན་ཡུལ་སྐོར་བའི་གྲངས་འབོར་རྒྱལ་ཡོངས་ཀྱི་རིགས་མཚུངས་སྟོན་གྲངས་ཁྲོད་འཕར་བའི་རྣམ་པ་མངོན་ཡོད།

    བསྡོམས་རྩིས་གྲངས་གཞི་ལས་མངོན་གསལ། ད་ལོའི་ཟླ་1ནས་5པའི་བར་དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་སྐྱེལ་གནམ་གྲུ་ཕར་འགྲོ་ཚུར་འོང་ཐེངས་3198བྱས་ནས་ཡུལ་སྐོར་བ་དབོར་ཚད་མི་ཐེངས་ཁྲི་25.31ཟིན་པ་དང་། ཟླ་1ནས་5པའི་བར་བོད་ལྗོངས་ཀྱི་ཡུལ་སྐོར་གྱིས་རིམ་རྩིས་ལྟར་ན་ཉིན་རེར་ཡུལ་སྐོར་བ་མི་ཐེངས་ཁྲི་459.79ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་8.8%འཕར་ཞིང་། བོད་དེས་ཡུལ་སྐོར་བའི་བསྡོམས་འབོར་གྱི་56.73%བཟུང་ཡོད། ཟླ་5པར་བོད་ལྗོངས་ཀྱིས་རིམ་རྩིས་ལྟར་ན་ཡུལ་སྐོར་ཚོགས་པ་1244ལ་སྣེ་ལེན་ཞུས་པ་དེ་ཟླ་4པ་ལས་135.2%འཕར་བ་དང་བོད་དུ་ཡུལ་སྐོར་དུ་ཡོང་མཁན་ཚོགས་པ་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། ཟླ་5ཚེས་19ཉིན་ནས་ཟླ་6ཚེས་6ཉིན་བར་བོད་ལྗོངས་ཀྱིས་ས་གནས་དེ་གའི་ཡུལ་ཚོགས་པ་114དང་མང་ཚོགས་1338སྒྲིག་འཛུགས་བྱས་ནས་རང་ཡུལ་གྱི་ཡུལ་སྐོར་ནང་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།