ཉེ་བའི་ལོ་ཤས་རིང་ལྷོ་རོང་རྫོང་གིས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ཡོད།
དྲིལ་བསྒྲགས་འཕྲིན་སྤེལ་ལ་དམིགས་ཏེ་རྣམ་པ་བཏོད་ཅིང་། ལྷོ་རོང་རྫོང་གིས“གཤམ་སྤེལ་ལྔ”དང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སོགས་བརྒྱུད། “གསང་སྤྱོད་གསར་བརྗེ”དང་། འཚོ་བའི་གད་སྙིགས་གཙང་སེལ། འཚོ་བའི་བཙོག་ཆུ་གཙང་གསིང་། གྲོང་ཚོ་བཀོད་གཙང་སོགས་ཀྱི་ནང་དོན་དྲིལ་བསྒྲགས་དང་འགྲེལ་བཤད་བརྒྱབ་སྟེ། མང་ཚོགས་ཀྱི་འཕྲོད་བསྟེན་དང་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་བ་རེད།
ལག་ལེན་གོམས་འདྲིས་ལ་དམིགས་ཏེ་གོམས་སྲོལ་ལེགས་སུ་བཏང་ཞིང་། ཞིང་འབྲོག་མང་ཚོགས་སྒྲིག་འཛུགས་བྱས་ནས་ཡུག་ཁུལ་དབྱེ་བ་དང་འགན་གཙང་ལེན་པའི་རྣམ་པར་བརྟེན་ནས་ཁོར་ཡུག་གཙང་སྦྲ་ཆེན་པོའི་བྱ་སྤྱོད་སྤེལ་ཏེ། ཞིང་འབྲོག་མང་ཚོགས་ལ་རང་འགུལ་ངང“སྒོ་ཁའི་འགན་ལེན་གསུམ”དོན་འཁྱོལ་ལ་སྐུལ་ལྕག་བྱེད་པ་ནས་ཁྲིད་སྟོན་བྱེད་པར་འགྱུར་བ་བཏང་སྟེ་གྲོང་ཚོར་ཁོར་ཡུག་གཙང་སྦྲའི་ལས་དོན་སྤེལ་བ་དང་། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་སྒྲིག་འཛུགས་ཀྱིས་ཞིང་འབྲོག་མང་ཚོགས་ལ་འཕྲོད་བསྟེན་གྱི་གོམས་གཤིས་ངན་པར་འགྱུར་ལྡོག་གཏོང་བའི་ལྟ་སྐུལ་མཛུབ་ཁྲིད་བྱེད་པ་ནས་ཞིང་འབྲོག་མང་ཚོགས་ཀྱིས་རང་འགུལ་ངང་གོམས་གཤིས་ངན་པར་འགྱུར་ལྡོག་གཏོང་བར་འགྱུར་བ་བཏང་ཞིང་། རྒྱུན་འཁྱོངས་ལྷོད་མེད་ངང་འབད་བརྩོན་བྱས་པ་བརྒྱུད། ཞིང་འབྲོག་མང་ཚོགས་ཀྱིས་འཕྲོད་བསྟེན་ལ་དགའ་བ་དང་འཕྲོད་བསྟེན་ལ་སྣང་ཆེན་བྱེད་པའི་གོམས་གཤིས་བཟང་པོ་རྒྱུན་ཆད་མེད་པར་འཇགས་ཡོད།
གྲོང་ཚོ་བཀོད་གཙང་ལ་དམ་པོར་དམིགས་ཏེ་ཁོར་ཡུག་མཛེས་སུ་བཏང་ཞིང་། ལྷོ་རོང་རྫོང་གིས་ཤང་དང་གྲོང་རྡལ་དང་། སྲིད་འཛིན་གྲོང་ཚོའི་ལས་བྱེད་པ། ཡུལ་མི་བཅས་སྒྲིག་འཛུགས་བྱས་ཏེ་གཟའ་པ་སངས་དང་དུས་ཆེན་གྱི་ངལ་གསོའི་དུས་ཚོད་གལ་ཆེན་དུ་འཕྲོད་བསྟེན་གཙང་སྦྲའི་བྱ་སྤྱོད་ཆེན་པོ་སྤེལ་ཏེ། གཞུང་ལམ་གྱི་ལམ་རྒྱུད་གཙོ་གནད་དུ་བཟུང་ནས་གཙང་ཕྱགས་བྱས་པ་དང་། ཁུག་ཁུག་གསེང་གསེང་ཚང་མ་གཙང་ཕྱགས་བྱས་པ། གད་སྙིགས་གང་བྱུང་དུ་དབྱུག་པའི་བྱེད་སྤྱོད་བཅོས་སྒྲིག་བྱས་ཡོད། དུས་མཚུངས་དུས་རྒྱུན་གྱི་གཙང་སྦྲ་དང་གྲོང་ཚོའི་གཙང་སྦྲའི་བྱ་སྤྱོད་ཀྱི་དབྱར་དུས་ཀྱི་དམག་འཐབ་དང་སྟོན་དུས་ཀྱི་དམག་འཐབ་སོགས་ཟུང་འབྲེལ་བྱས་ཏེ་ལས་དོན་བཀོད་སྒྲིག་བྱས་ཤིང་། གྲོང་ཚོ་དང་། ཞིང་ཁ། ལམ་བུ། ཆུ་བོ་བཅས་ཀྱི་གད་སྙིགས་གཙང་བཤེར་བྱ་ཡུལ་དུ་བཟུང་སྟེ། ཁྱོན་ཡོངས་ནས་གཙང་བཤེར་དང་བཅོས་སྒྲིག་གིས་སྡོད་གནས་ཀྱི་ཁོར་ཡུག་གཙང་མ་བཟོ་ཡི་ཡོད།