དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • རེས་སྐོར་གཉིས་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་ཚུར་ལན་སྤྲད་པའི་གནད་དོན་དག་ཐེར་ལས་དོན་གྱི་ཆེད་དོན་ཚོགས་འདུར་ཕེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-07

    ཉེ་ཆར། བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་རེས་སྐོར་གཉིས་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་ཚུར་ལན་སྤྲད་པའི་གནད་དོན་དག་ཐེར་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་ཏེ། ཉེ་དུས་ལས་དོན་སྤེལ་ཚུལ་གྱི་སྙན་སེང་གསན་པ་དང་གོམ་སྟབས་རྗེས་མའི་དག་ཐེར་ལས་དོན་ཐད་སླར་ཡང་ནན་བཤད་དང་བཀོད་སྒྲིག་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཤའོ་ཡིའུ་ཚའེ་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

    ཤའོ་ཡིའུ་ཚའེ་ཡིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་དུས་ད་ལྟ་བ་ལས་དུས་འདས་པ་མེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་དག་ཐེར་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། བརྡ་ཁྱབ་བཏང་བའི་གནད་དོན་ཕྱོགས་ཡོངས་ནས་གསེད་བཀྲོལ་དང་དབྱེ་ཞིབ་བྱེད་པ། འབྱུང་རྩར་དབྱེ་ཞིབ་གཏིང་ཟབ་བྱེད་པ། དག་ཐེར་གྱི་ཇུས་གཞི་ནན་ཏན་བཟོ་བ། དག་ཐེར་གྱི་བྱ་ཐབས་ཁ་གསལ་བཟོ་བ་བཅས་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་ཉེན་ཟོན་གྱི་ནུས་པ་འདོན་སྤེལ་བྱས་ནས་དཔེ་མཚོན་གྱོད་དཔེ་གཅིག་སྡུད་ཐོག་བརྡ་ཁྱབ་བཏང་སྟེ་དག་ཐེར་ལས་འགན་བློ་ཐག་ཆོད་པོ་དང་། ཕྱོགས་ཡོངས། བརྒྱུད་རིམ་ལྡན་པ་བཅས་ཀྱི་སྒོ་ནས་ལེགས་སྒྲུབ་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་དགོས། “ལས་ཡུན་ལྡོག་སྒྲིག་དང་འཆར་འགོད་དཔེ་རིས་བཀལ་ནས་དམག་འཐབ”བྱས་ཏེ་ཆེད་དོན་སྙན་ཞུ་དང་། བསྡུས་འཕྲིན། བརྡ་ཁྱབ་སྐྱོན་བརྗོད། སྐོང་འདྲི། འགོ་ཁྲིད་ཀྱིས་འགན་ལེན་འགན་གཙང་སོགས་ཀྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ཕན་འབྲས་རྗེས་སྙེག་དང་འདྲི་རྩད་བྱས་ནས་དག་ཐེར་ལས་དོན་ཁག་དོན་འཁྱོལ་ཐུབ་པ་དང་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དག་ཐེར་གྱི་ཆ་འཕྲིན་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། དག་ཐེར་གྱི་ཕན་འབྲས་དང་ཉམས་མྱོང་དང་བྱེད་ཐབས་བཟང་པོ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་ལས་རིགས་ཁག་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་ཀའི་ནང་ཧུར་ཐག་ཞུགས་པའི་ཁོར་ཡུག་བཟང་པོ་ཆགས་པར་ཁྲིད་སྟོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།