དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • རིག་གནས་དང་ཡུལ་སྐོར(རིག་དངོས)གྱི་ལས་དོན་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-27

    2315752_huangzy_1653580800000_s.jpg

    འདི་ནི་ལྷ་རྩེ་རྫོང་གི་2022ལོའི་རིག་གནས་དང་ཡུལ་སྐོར(རིག་དངོས)གྱི་ལས་དོན་ཚོགས་འདུར་བྱ་དགའ་འཐོབ་མཁན་ཁག་གཅིག་མཉམ་དུ་བརྒྱབ་པའི་འདྲ་པར་ཡིན་པ།

    རིག་གནས་དང་ཡུལ་སྐོར་གྱི་ལས་དོན་ཁག་སྔར་བས་ཡག་པོ་སྤེལ་ནས་ཉམས་མྱོང་ལ་ཕྱོགས་སྡོམ་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བྱེད་ཆེད། ཉེ་ཆར་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་གིས་2022ལོའི་རིག་གནས་དང་ཡུལ་སྐོར(རིག་དངོས)ཀྱི་ལས་དོན་གྱི་ཚོགས་འདུ་འཚོགས་པ་རེད།

    ཚོགས་འདུའི་ཐོག་ལྷ་རྩེ་རྫོང་གི་2021ལོ་འཁོར་གྱི་རིག་གནས་དང་ཡུལ་སྐོར(རིག་དངོས)གྱི་འབྲེལ་ཡོད་ལས་དོན་ལ་ཕྱོགས་སྡོམ་བྱས་ནས་རིག་གནས་ཁེ་ལས་8ལ་གྲོང་ཁྱེར་རིམ་པའི་རིག་གནས་ཐོན་ལས་ཀྱི་དཔེ་སྟོན་རྟེན་གཞིའི་སྒོ་བྱང་སྤྲད་པ་དང་། ལྷ་མོའི་རུ་ཁག་7ལ་ལྷ་མོ་ཁྲིད་སྦྱོང་ས་ཚིགས་ཀྱི་སྒོ་བྱང་སྤྲད་པ། རིག་དངོས་སྲུང་སྐྱོབ་ཚན་པ་30ལ་རིག་དངོས་སྲུང་སྐྱོབ་ཚན་པའི་ཡུལ་ལྗོངས་ཧྲིལ་པོའི་འདྲ་པར་སྤྲད་པ། མངོན་མིན་རིག་གནས་རྒྱུན་འཛིན་པ་8ལ་མངོན་མིན་རིག་གནས་རྒྱུན་འཛིན་པའི་ལག་ཁྱེར་སྤྲད་པ་རེད།

    འབྲེལ་ཡོད་འགན་འཁུར་བས་ལྷ་རྩེ་རྫོང་གིས“རིག་གནས་ལ་བརྟེན་ནས་རྫོང་དར་རྒྱས་གཏོང་བའི”འཐབ་ཇུས་བཀོད་སྒྲིག་ལ་གཞི་ཚུགས་པ་དང་། རིག་གནས་བྱ་གཞག་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། རིག་དངོས་སྲུང་སྐྱོབ་ལ་ཤུགས་སྣོན། ཕྱི་ཕྱོགས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། “སྟོད་གཞས་རིག་གནས”ཀྱི་མིང་བྱང་བཏོད་ཡོད། དེ་དང་དུས་མཚུངས། རིག་གནས་ཡུལ་སྐོར་ཁྲོམ་རའི་མ་ལག་གཏོད་པར་ཤུགས་སྣོན་བརྒྱབ་ནས་རིག་གནས་ཡུལ་སྐོར་གྱི་ཐོན་རྫས་རྩེ་གྲ་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་བ་དང་། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ། རྫོང་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྫོང་དེ་ཉིད་ཡུལ་སྐོར་བས“ཡུལ་སྐོར་ཉིན་གཅིག་བྱེད་པ་དང་། ལྟད་མོ་ཐེངས་གཅིག་ལྟ་བ། དགོང་མོ་ཞག་གཅིག་སྡོད་པ”བཅས་ཐུབ་པའི་ཇོ་མ་གླང་མའི་ས་ཚུགས་མདུན་མར་གཏོད་དགོས་ཞེས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།