དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • མཚོ་བོད་ས་མཐོའི“ཤྭ་བ་སེར་ཆེན་གྱི་སྤྲོ་སྐྱིད་ཁང”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-05-24

    2298777_huangzy_1653321600000_s.jpg

    འདི་ནི་བྱང་ཆུབ་ལྷ་མོས་རི་བོ་ཆེའི་ཤྭ་བ་སེར་ཆེན་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཤྭ་བ་སེར་ཆེན་ལ་ལྟོ་སྟེར་བཞིན་པ།

    2298779_huangzy_1653321600000_s.jpg

    འདི་ནི་བྱང་ཆུབ་ལྷ་མོས་རི་བོ་ཆེའི་ཤྭ་བ་སེར་ཆེན་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཤྭ་བ་སེར་ཆེན་ལ་ལྟ་སྐྱོང་བྱེད་བཞིན་པ།

    བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་རི་བོ་ཆེའི་ཤྭ་བ་སེར་ཆེན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་བོད་ཀྱི་ཤྭ་བ་སེར་ཆེན་ཁྱུ་དང་ཁྱུ་དེ་གར་འཚོ་སྡོད་བྱེད་ཀྱི་ཡོད།

    དུས་རབས་20པའི་ལོ་རབས་70པར་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་ཁྲ་མོ་གླིང་ཤང་གཤིས་ཐང་གྲོང་ཚོའི་བྱང་ཆུབ་ལྷ་མོས་ཁྱུ་ཚོ་དང་བྲལ་བའི་ཤྭ་བ་སེར་ཆེན་ཆུང་ཆུང་3ལ་ལྟ་སྐྱོང་བྱས་ཤིང་། ལོ་40ལྷག་ཙམ་རིང་བྱང་ཆུབ་ལྷ་མོས་ཤྭ་བ་སེར་ཆེན་བརྒྱ་ཕྲག་ཙམ་ལ་ལྟ་སྐྱོང་བྱས་ཡོད། མིག་སྔར་ཁོང་གི་བུ་གཉིས་ཀྱིས་ཤྭ་བ་སེར་ཆེན་ལ་ལྟ་སྐྱོང་བྱེད་པའི་འགན་འཁྲི་མུ་མཐུད་འཁུར་བཞིན་ཡོད།

    བོད་ཀྱི་ཤྭ་བ་སེར་ཆེན་ནི་ཤྭ་བ་སེར་ཆེན་གྱི་རིགས་ཤིག་ཡིན་པ་དང་དེ་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོབ་སྲོག་ཆགས་ཀྱི་ཁོངས་སུ་གཏོགས་ཀྱི་ཡོད། དུས་རབས་20པའི་ལོ་རབས་90པའི་དུས་འགོར་རྒྱལ་སྤྱིའི་སྟོངས་ཉེའི་སྲོག་ཆགས་ཀྱི་ཚོགས་འདུའི་ཐོག་བོད་ཀྱི་ཤྭ་བ་སེར་ཆེན་གྱི“རྒྱུད་པ་ཆད”པའི་ངོས་འཛིན་བྱས་མོད། འོན་ཀྱང་བོད་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ལས་དོན་པས་རི་བོ་ཆེ་རྫོང་དུ་རྟོག་ཞིབ་བྱེད་སྐབས་བོད་ཀྱི་ཤྭ་བ་སེར་ཆེན་སྔར་བཞིན་གནས་པའི་གཏན་འཁེལ་བྱས་པ་མ་ཟད། 1993ལོར་རི་བོ་ཆེའི་ཤྭ་བ་སེར་ཆེན་གྱི་རང་བྱུང་སྲུང་སྐྱོང་ཁུལ་ཡང་བཙུགས་པ་དང་2005ལོར་རི་བོ་ཆེའི་ཤྭ་བ་སེར་ཆེན་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་རིམ་སྤོར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།