དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • “དྲ་ཐོག”ཡུལ་སྐོར་འདི་ལོའི་རང་ལྗོངས་ཀྱི་ཡུལ་སྐོར་ཉིན་མོའི་བྱེད་སྒོའི་བཀྲག་མདངས་འཚེར་སར་གྱུར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-21

    ཉེ་དུས“ཀྲུང་ཧྭའི་རིག་གནས་ཤེས་ཚོར། ལྗོངས་རྒྱུའི་སྐྱིད་སྣང་ལོངས་སྤྱོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་2022ལོའི་ཀྲུང་གོའི་ཡུལ་སྐོར་ཉིན་མོའི་བོད་ལྗོངས་ཡན་ལག་ཚོགས་རའི་བྱེད་སྒོ་ལྷ་ས་གྲོང་ཁྱེར་ནོར་བུ་གླིང་ཁའི་མཛེས་ལྗོངས་ཁུལ་དུ་འཚོགས་པ་དང“དྲ་ཐོག”ཡུལ་སྐོར་འདི་ལོའི་བྱེད་སྒོའི་བཀྲག་མདངས་འཚེར་སར་གྱུར་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་ནི་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་གཙོ་གཉེར་བྱས་པ་དང་ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་གཉེར་རོགས་བྱས་པ་ཞིག་རེད། བྱེད་སྒོའི་ཐོག་རིག་གནས་བསམ་བཀོད་ཀྱི་ཚོང་འདུས་ལ་ཉམས་ལེན་དང་། དྲ་ཐོག་ནས་གནའ་གྲོང་སྐོར་བ། ཡུལ་སྐོར་ཐོན་རྫས་ཁྱབ་བསྒྲགས་སོགས་ཁྱད་ལྡན་བྱེད་སྒོ་གཅིག་སྡུད་ཐོག་སྤེལ་ནས་དེའི་ནང་ཞུགས་མཁན་ཚོས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་ཉམས་འགྱུར་ཚོར་བ་དང་ལྗོངས་རྒྱུའི་སྐྱིད་སྣང་ལོངས་སྤྱོད་ཐུབ་པ་བྱས་ཁར། ཡུལ་སྐོར་ལ་དོ་སྣང་བྱེད་པ་དང་། དེའི་ནང་ཞུགས་པ། རྒྱབ་སྐྱོར་བྱེད་པ། སྐུལ་འདེད་གཏོང་བ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་སྔར་བས་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།