གསར་འགོད་པར་ཟླ་5ཚེས་18ཉིན་བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་གསལ། ཉེ་ཆར། བོད་རང་སྐྱོང་ལྗོངས་ནགས་ལས་བརྟག་དཔྱད་འཆར་འགོད་ཞིབ་འཇུག་ཁང་གི་ལས་དོན་མི་སྣས་མེ་ཏོག་རྫོང་ཁོངས་སུ་བཙུགས་པའི་དམར་ཕྱིའི་ཐིག་པར་ཆས་ཀྱི་གྲངས་གཞི་ལེགས་སྒྲིག་བྱེད་སྐབས། ཧྥེ་རྒྱུད་ཤྭ་བ(菲氏麂)ཡི་གཟུགས་བརྙན་གསལ་པོ་ཞིག་པར་ལེན་ཐུབ་ཡོད་པ་རེད།
1982ལོ་ནས་1983ལོའི་བར།རང་རྒྱལ་གྱིས་བོད་ལྗོངས་ཉིང་ཁྲི་ས་ཁུལ་ནས་ཤྭ་བ་དེའི་དངོས་དཔེ་ཐེངས་དང་པོ་ཐོབ་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ཤྭ་བ་དེའི་འདྲ་པར་མཐོང་དཀོན་པ་ཞིག་ཡིན་ཞིང་། སྲོག་ཆགས་དེ་ཕྱི་རོལ་དུ་ཁྱབ་ཚུལ་དང་། ཁྱུ་ཚོགས་ཀྱི་ཁ་གྲངས། ད་ཡོད་གནས་ཚུལ་བཅས་ད་དུང་གསལ་པོ་ཤེས་མེད་པ་རེད།
“ད་ཐེངས་ཤེས་རྟོགས་བྱུང་བ་འདིས་ཧྥེ་རྒྱུད་ཤྭ་བ་དང་ཤ་བའི་རིགས་གཞན་དག་བར་གྱི་དབྱེ་བ་གསལ་པོ་ཡོང་བར་ཕན་པ་ཡོད་པ་མ་ཟད། ཡར་ཀླུང་གཙང་པོའི་གྲོང་རོང་ཆེན་པོའི་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ར་སྤྲོད་ཐུབ་ཡོད་”ཅེས་བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་དང་འདམ་རའི་ཐོན་ཁུངས་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་ཀྲང་ཅ་ཕིང་གིས་དེ་ལྟར་བཤད།