དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • མཐོ་ཚད་སྨི་83.2ཟིན་པའི་ལྗོན་ཤིང་ཤིག་རྙེད་འདུག

  • ཡོང་ཁུངས།  མི་དམངས་དྲ་བ།   |     སྤེལ་དུས།  2022-05-20

    F202205191541155166700000.jpg

    ཉེ་ཆར། མཚོ་བོད་མཐོ་སྒང་གི་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི“ནགས་ཚལ་དང་སྡོང་ཕྲན་ནགས་ཚལ་གྱི་སྣོད་བཅུད་མ་ལག་དང་ཐོན་ཁུངས་དོ་དམ”གྱི་ཆེད་དོན་ཀྲུང་གོའི་ཚན་རིག་ཁང་རྩི་ཤིང་སུའོ་ཡི་ཚོགས་པས་བོད་ལྗོངས་རྫ་ཡུལ་རྫོང་དུ་རྟོག་ཞིབ་བྱེད་སྐབས། མཐོ་ཞིང་རྒྱ་ཆེ་བའི་ཡུན་ནན་གྱི་ཧོང་ཀུའོ་ཐང་ཤིང་གི་གདོད་མའི་ནགས་ཚལ་གསར་རྙེད་བྱུང་། མི་མེད་གནམ་གྲུའི་དཔྱང་ཐག་གིས་ཐེངས་མང་པོར་ཚད་འཇལ་བྱས་པ་བརྟེན། དེའི་སྡོང་མགོའི་མཐོ་ཚད་སྨི་70ཟིན་པ་དང་། མཐོ་ཚད་མཐོ་ཤོས་ལ་སྨི་83.2དང་ཞེང་ཚད་ལ་ལི་སྨི་207ཟིན་ནས། དེ་སྔོན་གནས་ཚུལ་སྤེལ་བའི་ཀུང་ཧྲན་གྱི་ཐང་ཤིང(སྨི་72)དང་། མེ་ཏོག་རྫོང་གི་འབྲུག་ཡུལ་གསོམ་ཤིང(སྨི་76.8)དང་། ཐའེ་ཝན་གྱི་ཐང་ཤིང་བཅས་ཀྲུང་གོའི་ལྗོན་ཤིང་མཐོ་ཤོས་ཀྱི་ཟིན་ཐོ་གསར་བ་བཏོད་པ་རེད། 

     གསར་དུ་ཤེས་རྟོགས་བྱུང་བའི་ཡུན་ནན་གྱི་ཧོང་ཀུའོ་ཐང་ཤིང་ནགས་དེ་རྫ་ཡུལ་རྫོང་རྫ་ཡུལ་སྟོད་གྲོང་རྡལ་གྱི་རྫ་ཡུལ་གཙང་པོའི་ངོགས་གཉིས་ཀྱི་རི་ཁུལ་དང་རོང་ཁུལ་དུ་ཐགས་དབྱིབས་ལྟར་ཁྱབ་ཡོད་པ་དང་། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་2300ཙམ་ཟིན་ཡོད་པ་རེད། ནགས་ཀྱི་ནང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་རི་སྐྱེས་རྩི་ཤིང་སྟེ་སྲན་དམར་གསོམ་སྡོང་དང་། དེ་བཞིན་ཟུར་དུ་སྐྱེས་པའི་སྣ་མའི་ཚན་དང་བུར་ཤིང་སོགས་རྩི་ཤིང་མང་པོ་འདུས་ཡོད། ས་ཁོངས་དེར་འདི་འདྲའི་མཐོ་ཞིང་འཐུས་སྒོ་ཚང་བའི་གདོད་མའི་ནགས་ཚལ་སོར་འཇོག་བྱེད་ཐུབ་པའི་རྒྱུ་མཚན་ནི་ཁྱད་དུ་འཕགས་པའི་གནམ་གཤིས་དང་ས་དབྱིབས་ཀྱི་ཆ་རྐྱེན། དེ་བཞིན་མིའི་རིགས་ཀྱི་བྱེད་སྒོའི་འགལ་རྐྱེན་ཧ་ཅང་ཉུང་བ་ལ་རག་ལས་ཡོད། གནས་འདིའི་མཐོ་ཞིང་ཆེ་བའི་ལྗོན་ཤིང་དང་ནགས་ཚལ། སྐྱེ་ཁམས་མ་ལག་ལ་ཚན་རིག་ཞིབ་འཇུག་གི་རིན་ཐང་དང་སྲུང་སྐྱོབ་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།