དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • 2021ལོར་བོད་ཀྱི་ཡུལ་སྐོར་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་བྱུང་ནས་བཀྲག་མདངས་འཚེར་ས་མང་པོ་མངོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-19

    ཉེ་ཆར། གསར་འགོད་པར་2022ལོའི་ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་ཡུལ་སྐོར་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2021ལོར་ལྗོངས་ཡོངས་ཀྱི་ཡུལ་སྐོར་ལས་རིགས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བཏང་བས། ཡུལ་སྐོར་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ནས་རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་4153.44ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་18.5%འཕར་བ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་441.90ཟིན་པ་དེ་དུས་མཚུངས་ལས་20.6%འཕར་ཡོད།

    2021ལོར་རང་ལྗོངས་ཀྱིས་ད་ཡོད་ཀྱི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ནས། “བོད་མི་བོད་དུ་ཡུལ་སྐོར་བྱེད་པ”དང“བོད་མི་བསྐྱར་དར་རྟགས་ཅན་མེ་འཁོར་ལ་བསྡད་ནས་དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”བྱེད་སྒོ་ལག་བསྟར་ཏན་ཏིག་བྱས་ཏེ་ཡུལ་སྐོར་དཔལ་འབྱོར་གྱི་ནང་ཁུལ་འཁོར་རྒྱུག་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད།

    གྲངས་གཞི་ལས་མངོན་པར། 2021ལོར་ལྗོངས་ཡོངས་སུ་ཁྱད་ལྡན་ཡུལ་སྐོར་ཤང་དང་གྲོང་རྡལ་3དང་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གཙོ་གནད་གྲོང་ཚོ་5རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གཙོ་གནད་གྲོང་རྡལ་ཁག་དང་པོ་དང་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གཙོ་གནད་གྲོང་ཚོའི་མིང་གཞུང་ཁག་གསུམ་པའི་ནང་ཚུད་ཡོད་པ་རེད། ལྗོངས་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱིས་རིམ་རྩིས་བྱས་ན་མི་ཐེངས་ཁྲི་1274.11ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་15.87བྱུང་ནས་མི་ཐེངས་64521ཐད་ཀར་རམ་ཡང་ན་བར་བརྒྱུད་ལས་ཞུགས་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།