དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཁྲེང་ཀོན་ཆུས་ཀྱིས་ཟ་ཁང་ཞིག་གི་སྣུམ་གྱི་དུ་བས་མང་ཚོགས་ལ་གནོད་འཚེ་བཟོ་བའི་གནད་དོན་བཅོས་སྒྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-13

    ཉེ་ཆར་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བཞི་པས་བརྒྱུད་སྤྲོད་བྱས་པའི“ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁྲེང་ཀོན་མེ་ཏོག་ལྡུམ་རའི་Gཁུལ་གྱི་ཟ་ཁང་ཞིག་གི་སྣུམ་གྱི་དུ་བས་རྐྱེན་པས་ཐོག་ཁར་སྡོད་མཁན་གྲོང་མི་རྒྱུན་དུ་སྒེའུ་ཁུང་ཕྱེ་ནས་རླུང་འགྲོ་བྱེད་ཐབས་བྲལ་བའི”གནད་དོན་འབྱོར་རྗེས། ཁྲེང་ཀོན་ཆུས་ཨུད་དང་ཆུས་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་འོག་ལྷ་ས་གྲོང་ཁྱེར་གྲོང་ཁྱེར་དོ་དམ་ཅུས་དང་། ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་འདོམས་ཅུས། ཁྲེང་ཀོན་ཆུས་ཁོར་ཡུག་སྲུང་སྐྱོང་ཅུས་བཅས་དང་དེ་བཞིན་རྔ་ཆེན་ཁྲོམ་གཞུང་གི་འབྲེལ་ཡོད་འགན་འཁུར་བས་འཕྲལ་མར་ས་གནས་ས་ཐོག་ཏུ་བསྐྱོད་དེ་བརྟག་དཔྱད་ཞིབ་བསྡུར་བྱས་པ་རེད།

    ས་གནས་ས་ཐོག་ཏུ་བརྟག་དཔྱད་བྱས་ནས་ཤེས་རྟོགས་བྱུང་བར། ཟ་ཁང་དེའི་སྣུམ་གྱི་དུ་བ་མདོང་ལམ་བརྒྱུད་གཙང་སྒྱུར་ཡོ་བྱད་ནང་བླུགས་ནས་གཙང་མ་བཟོས་རྗེས་རླུང་འགྲོ་ས་ནས་ཕྱིར་འབུད་བྱེད་ཀྱི་ཡོད་མོད། འོན་ཀྱང་ཐབ་ཚང་ནང་གི་རླངས་འབུད་རླུང་གཡབ་གཅིག་ལ་གཙང་སེལ་འཕྲུལ་ཆས་བསྒར་མེད་པ་རེད། འབྲེལ་ཡོད་འགན་འཁུར་བས་འཕྲལ་མར་ཟ་ཁང་གི་འགན་འཁུར་བར་སྒྲིག་སྲོལ་ལས་འགལ་བའི་རླངས་འབུད་རླུང་གཡབ་ཁ་བཀག་པ་དང་སྦྲགས། དུས་ཐོག་ཏུ་སྲུང་སྐྱོང་དང་གཙང་མ་བཀྲུས་ཏེ་གཙང་བཟོའི་སྒྲིག་ཆས་བཀལ་ནས་སྣུམ་གྱི་དུ་བས་མང་ཚོགས་ལ་གནོད་འཚེ་མི་ཕོག་པར་བྱེད་པ་དང་འབྲེལ། སྣུམ་གྱི་དུ་བའི་ཚད་གཞིའི་ཞིབ་དཔྱད་གྲངས་གཞི་ཐོན་རྗེས་དག་ཐེར་གྱི་ཇུས་གཞི་ཞིབ་ཕྲ་བཟོ་དགོས་པའི་བླང་བྱ་བཏོན་པ་རེད།

    གསར་འགོད་པས་བསྐྱར་ཞིབ་བྱེད་སྐབས་ཟ་ཁང་དེས་དག་ཐེར་གྱི་ནང་དོན་དོན་འཁྱོལ་བྱས་པ་དང་། སྒྲིག་འགལ་གྱི་རླངས་འབུད་རླུང་གཡབ་ཁ་བཀག་ཟིན་པ་མ་ཟད། སྣུམ་གྱི་དུ་བ་གཙང་སེལ་གྱི་སྒྲིག་ཆས་ཀྱང་གཙང་མ་བཀྲུས་པས་སྣུམ་གྱི་དུ་བའི་སྦགས་བཙོག་ཞིབ་དཔྱད་ཚད་ལེན་སྙན་ཞུའི་ནང་གི་དམིགས་ཚད་ཁག་ཚང་མ་ཚད་ལོན་པ་ཤེས་རྟོགས་བྱུང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།