དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ལྷ་ས་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི“གསང་སྤྱོད་གསར་བརྗེར”མགྱོགས་མྱུར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-13

    ཉིན་ཤས་གོང་གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། 2021ལོར་ལྷ་ས་གྲོང་ཁྱེར་གྱིས་གཙང་སྦྲ་ལྡན་པའི་གསང་སྤྱོད་ཁྲི་1.14ལྷག་ཙམ་གསར་སྐྲུན(བསྐྱར་སྐྲུན)བྱས་ནས་རང་སྐྱོང་ལྗོངས་ཀྱིས་གཤམ་སྤྲོད་བྱས་པའི་ལས་འགན་གྱི་120.6%ལེགས་སྒྲུབ་བྱས་ཡོད།

    མིག་སྔའི་བར། གྲོང་ཁྱེར་ཡོངས་ཀྱི་གྲོང་གསེབ་ཏུ་གཙང་སྦྲ་ལྡན་པའི་གསང་སྤྱོད་ཁྱབ་གདལ་གཏོང་ཚད་61.22%ཟིན་པ་དང་གཙང་སྦྲ་ལྡན་པའི་གསང་སྤྱོད་ཁྱབ་གདལ་གཏོང་ཚད་85%ཡན་ཟིན་པའི་གྲོང་ཚོ་61ཡོད་པ་རེད། གོམ་སྟབས་རྗེས་མར་ལྷ་ས་གྲོང་ཁྱེར་གྱིས་མཛུབ་ཁྲིད་ལ་སྔར་བས་ཤུགས་སྣོན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་ལྷ་ས་གྲོང་ཁྱེར་གྱི་གྲོང་གསེབ་ཀྱི“གསང་སྤྱོད་གསར་བརྗེར”ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།