དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཚང་མ་སྐྱེ་ཁམས་སྲུང་སྐྱོང་ནང་ཞུགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-13

    2148623_huangzy_1652457600000_s.jpg

    ཉེ་ཆར། འཕྱོངས་རྒྱས་རྫོང་འཕྱོངས་རྒྱས་གྲོང་རྡལ་གྱིས་ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་བྱས་ཏེ་གྲོང་བདུན་སྡེ་ཁུལ་དུ“སྔོ་ལྗང་འདེབས་འཛུགས་དང་། སྔོ་ལྗང་སྲུང་སྐྱོང་། སྔོ་ལྗང་ལ་དགའ་ཞེན་གྱིས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྐྲུན”ཞེས་པའི་ཤིང་འཛུགས་བྱེད་སྒོ་དང“འདམ་ར་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། སྐྱེ་ཁམས་ཞི་མཐུན་ཡོང་བར་སྐུལ་འདེད་གཏོང་བའི”དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། ད་ཐེངས་ཀྱི་བྱེད་སྒོར་ཁྱོན་སྡོང་ཕྲུག་150བཙུགས་པ་དང་སྐྱེ་ཁམས་སྲུང་སྐྱོང་གི་དྲིལ་བསྒྲགས་དཔྱད་ཡིག་100སྤྲད་པས་ལས་བྱེད་པ་དང་མང་ཚོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་པ་མ་ཟད། ལས་བྱེད་པ་དང་མང་ཚོགས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལས་དོན་ལ་ཞུགས་རྒྱུར་སྐུལ་ལྕག་ཐེབས་ཡོད། 

    འདི་ནི་བྱེད་སྒོ་སྤེལ་རིང་ལས་དོན་མི་སྣས་མང་ཚོགས་ལ་དྲན་རྟེན་འོག་འཇུག་དང་སྐྱེ་ཁམས་སྲུང་སྐྱོང་གི་དཔྱད་ཡིག་སྤྲོད་བཞིན་པ། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།